Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 500 pages using this property.
D
དུས་མཐའི་སྐད་ཅིག་མ་གཅིག་གམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སེ་གོལ་གྱི་དྲུག་ཅུ་རེ་ལྔའི་ཆ་གཅིག  +
གཟུགས་ཀྱི་མཐའ། རྡུལ་ཕྲན་བདུན་གྱི་ཚད་ལའང་།  +
ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་རྒྱུད།  +
གསོལ་བ་དང་བཞི་སྟེ། འདུལ་བའི་སྐབས་སུ་ལས་བརྗོད་པ་གསུམ་དང་གསོལ་བ་ཞུ་བ་གཅིག  +
བསམ་གཏན་དང་པོའི་སྙོམས་འཇུག གཉིས་པའི་སྙོམས་འཇུག གསུམ་པའི་སྙོམས་འཇུག བཞི་བའི་སྙོམས་འཇུག་གོ  +
འདོད་པའི་བདེ་བ་ལ་ཆགས་པ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་དང༌། རྟོག་པ་དང་དཔྱོད་པ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་གཉིས་པ། ཆུ་གཡོ་བ་ལྟ་བུའི་སེམས་དགའ་བ་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་གསུམ་པ། འཚོ་བ་བདེ་བ་དང་སྡུག་བསྔལ་དེ་དག་སྤངས་པའི་ཏིང་ངེ་འཛིན་བསམ་གཏན་བཞི་བའོ།  +
དེ་བཞིན་གཤེཊ་པའི་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ་དེ་བཞིན་གཤེགས་པ་ལ་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པའོ། དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ་དེ་བཞིན་གཤེགས་པ་ལ་གསུང་གི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པའོ། དེ་བཞིན་གཤེགས་པའི་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་བ་སྟེ་དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པའོ། དེ་བཞིན་གཤེགས་པ་འཚོ་བ་ཡོངས་སུ་དག་པ་སྟེ་དེ་བཞིན་གཤེགས་པ་ལ་འཚོ་བ་ཡོངས་སུ་མ་དག་མེད་པའོ།  +
དགེ་ཚུལ་དགེ་སློང་སོགས་ཀྱི་བསླབ་པ་སྔ་ཕྱིའི་གོ་རིམ་གྱི་ཚིགས།  +
མཐུན་པའི་ཡུལ་ན་གནས་པ། སྐྱེས་བུ་དམ་པ་ལ་བསྟེན་པ། བདག་ཉིད་ཀྱིས་ཡང་དག་པའི་སྨོན་ལམ་བཏབ་པ། སྔོན་ཡང་བསོད་ནམས་བྱས་པའོ།  +
འོད་ལྡན། སྐར་ཕྲེང་། ཟབ་པ། གསེར་ལྡན་ནོ།  +
ཚངས་པ། ཁྱབ་འཇུག དབང་ཕྱུག ནེ་རཉྫ་ནའོ།  +
རི་རབ་ལྷུན་པོ་ནི་ཤར་ཤེལ་དང༌། ལྷོ་བཻཌཱུརྱ། ནུབ་པདྨརཱཀ བྱང་གསེར་ལས་གྲུབ་པས་སོ།  +
སུང་རྒྱལ་ས་ནི་ཅན་ཁང་ (དེང་སང་གི་ནན་ཅིང་)ཡིན། རྒྱལ་རབས་འདིར་གོང་མ་མི་རབས་བརྒྱད་བྱུང་ཞིང༌། (རུས་མིང་ནི་ལིའུ་) ཡིན། སྤྱི་ལོ 420-,479 བར་ལོ་དྲུག་ཅུའི་རིང་སྲིད་དབང་བཟུང་། ཆིས་རྒྱལ་ཁབ། རྒྱལ་ས་ནི་ནན་ཅིང་། རྒྱལ་རབས་འདིར་གོང་མ་མི་རབས་བདུན་བྱུང་ཞིང་ (རུས་མིང་ནི་ཤའོ་)ཡིན། སྤྱི་ལོ་ 479-502 བར་ལོ་ངོ་ཉི་ཤུ་རྩ་གསུམ་བར་སྲིད་དབང་བཟུང་། ལེའང་རྒྱལ་རབས། རྒྱལ་ས་ནི་ནན་ཅིང་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་བཞི་བྱུང་ཞིང་ ( རུས་མིང་ནི་ཤའོ་)ཡིན། སྤྱི་ལོ 503-556 བར་ལོ་ང་གསུམ་བར་སྲིད་དབང་བཟུང་། ཁྲེན་རྒྱལ་ཁབ། རྒྱལ་ས་ནི་ནན་ཅིང་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་ཞིང་ (རུས་མིང་ནི་ཁྲེན་)ཡིན། སྤྱི་ལོ་ 557-589 བར་ལོ་ངོ་སུམ་ཅུ་སོ་གསུམ་སྲིད་དབང་བཟུང་།  +
རྟག་པ་དང་ཆད་པའི་མཐའ་གཉིས་འཛིན་པ།  +
ཁལ་ཁ་ཨོ་རོད་ཟེར་བའི་ཁོངས་སུ་གཏོཊ་པའི་ཧོ་ཤོད་དང་། ཇུན་གར། ཨོལ་ལེད། ཐུ་མེད་བཅས་ཚོ་བ་བཞི་བོའོ།  +
ཚོར་བ་དང་འདུ་ཤེས། སེམས་པ། རེག་པ།། ཡིད་བྱེད་ལྔ་སྟེ། སེམས་ཀུན་གྱི་འཁོར་དུ་འགྲོ་བའམ་འབྱུང་བའི་ཕྱིར་རོ།  +
ཀུན་འགྲོ་ལྔ་དང་དོན་གཅིག  +
སྒོག་པ་དང་། བཙོང༌། རྒྱ་སྒོག རི་སྒོག ཤིང་ཀུན་ཏེ་དྲི་ང་བའི་རིགས་ལྔ་པོ་ནི་ཆོས་འདུལ་བ་ལས་འབྱུང་།  +
སློབ་དཔོན་པད་མས་གསུངས་པའི་རྒྱལ་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་། བློན་པོ་བཀའ་ཐང་། ལོ་པཎ་བཀའ་ཐང་། ལྷ་འདྲེ་བཀའ་ཐང་སྟེ་ལྔ།  +
ཚད་མ་རྣམ་འགྲེལ་དང༌། དབུ་མ་དང༌། ཕར་ཕྱིན་དང༌། མངོན་པ་མཛོད་དང་། འདུལ་བ་དང་ལྔའོ།  +
སངས་རྒྱས་ཀྱིས་སེམས་ཅན་ལ་འཕྲིན་ལས་མཛད་སྐབས་སྤྲུལ་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་ལྔ།  +
ཡང་ན། སངས་རྒྱས་ཀྱི་ཆོས་སྐུ་དང༌། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ། མི་འགྱུར་རྡོ་རྗེའི་སྐུ་སྟེ་ལྔ།  +
ཤ་རཱི་རམ་དང་ཆུ་རཱི་རམ། བ་རཱི་རམ་དང་ཉ་རཱི་རམ། པཉྩ་རམ་དང་ལྔ་ལྡན་གདུང༌། རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ་ཞེས་པས། ཤའི་རྟེན་དུ་གདུང་ཤ་རཱི་རམ་དཀར་སེར་རིན་པོ་ཆེ་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞག་པའོ། རུས་པའི་རྟེན་དུ་བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ་རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། ཡན་ལག་གི་རྟེན་དུ་ཉ་རཱི་རམ་ལྗང་ཁུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། འབྱུང་བཞིའི་དྭངས་མ་ལ་པཉྩ་རམ་འབྱོན་ཏེ། ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པ། ཡང་གདུང་ཤ་རཱི་རམ་མགོ་ལས་འབྱུང༌། ཆུ་རཱི་རམ་ཁྲག་ལས་འབྱུང་། བ་རཱི་རམ་སྒལ་ཚིགས་ལས་འབྱུང་། ཉ་རཱི་རམ་རྐང་ལས་འབྱུང་། པཉྩ་རམ་སྙིང་ལས་འབྱུང་ངོ་།  +
བྱིས་པ་དང༌། གཞོན་ནུ། དར་ལ་བབས་པ། དར་ཡོལ། རྒན་པོ་སྟེ་ལྔ།  +
མཉམ་བཞག་དང་རྗེས་ཐོབ་གཉིས།  +
དང་པོ་ཚངས་སྤྱོད། གཉིས་པ་ཁྱིམ་ན་གནས་པ། གསུམ་པ་ནགས་སུ་ཞུགས་པ། བཞི་བ་ཀུན་ཏུ་རྒྱུ་བ། ལྔ་བ་འཆི་བ། འདི་དག་ནི་བྲམ་ཟེའི་སྲོལ་ལོ།  +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ནི་བརྗོད་བྱ་ཡོན་ཏན་དང་། རིགས། བྱ་བ། རྫས། རྒྱུ་རྣམས་ལ་རང་རང་གི་མཚན་ཉིད་མ་ཚང་ཡང་། ཚང་བ་དང་ཁྱད་མེད་དངོས་པོའི་ནུས་པ་ཕུལ་དུ་བྱུང་བ་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་ལྔ་ནི། ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། རིགས་མ་ཚང་བའི་ཁྱད་པར་བརྗོད་པ། བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། རྫས་མ་ཚང་བའི་ཁྱད་པར་བརྗོད་པ། རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་བཅས་སོ།  +
རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པད་མ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སངས་རྒྱས་མཁའ་འགྲོ།  +
སྨན་གཞུང་ལས་བཤད་པའི་ལུས་ཀྱི་མཁྲིས་པ། འཇུ་བྱེད་དང༌། མདངས་སྨྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་ཏེ་ལྔ།  +
ཀུན་ཤེས་ཀཽ་ཊཱི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་ལྔ།  +
གཟུགས་དང་གཟུགས་མེད་ཀྱི་འདོད་ཆགས་གཉིས། རྒོད་པ་དང་། ང་རྒྱལ་དང་། མ་རིག་པའོ།  +
གནས་གཙང་མའི་ས་ལྔ་དང་དོན་གཅིག  +
ལུས་ཀྱི་གློ་བའི་མདུན་གྱི་ལོ་མ་ལྔ།  +
ལུས་ཀྱི་གློ་བའི་རྒྱབ་ཀྱི་ལོ་མ་ལྔ།  +
འཇམ་པོ་དང་མཁྲེགས་པོ་གཉིས།  +
དྲེགས་པར་བྱེད་པ་དང༌། རྨོངས་པར་བྱེད་པ། ཀུན་ཏུ་རྨོངས་པར་བྱེད་པ། བརྒྱལ་བར་བྱེད་པ། སེམས་མེད་པར་བྱེད་པའི་མེ་ཏོག་གི་མདའ་རྣམས་སོ།  +
བཟང་སྤྱོད། བྱམས་སྨོན། ཐོག་མཐའ་བར། བདེ་སྨོན། སྤྱོད་འཇུག་སྨོན་ལམ་རྣམས་སོ། འགའ་ཞིག་ཕྱི་མ་དོར་ནས་དེའི་ཚབ་ཏུ་གསང་འདུས་སྨོན་ལམ་བགྲང་ངོ་།  +
སློང་བའི་དགེ་སློང་། མིང་གི་དགེ་སློང་། ཁས་འཆེས་བའི་དགེ་སློང༌། གསོལ་བཞིའི་ལས་ཀྱི་དགེ་སློང་། ཉོན་མོངས་བྲལ་བའི་དགེ་སློང་ངོ་།  +
སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། འཕྲིན་ལས་ཀྱི་མགོན་པོའོ།  +
ཡུལ་ལྷ། ཕོ་ལྷ། མོ་ལྷ། དགྲ་ལྷ། སྲོག་ལྷའོ།  +
ངན་སོང་གསུམ་གྱི་སྟེང་དུ་ལྷ་མི་བསྣན་པའོ།  +
དྲེགས་པའི་གཙོ་བོ་སྡེ་ལྔ་དང་དོན་གཅིག  +
བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། ཤེས་རབ་སྙིང་པོ་ལྟ་བའི་མདོ། འདས་ཀ་ཡེ་ཤེས་སྒོམ་པའི་མདོ། བྱང་ཆུབ་ལྟུང་བཤགས་(ཕྱག་འཚལ་བའི་ཕུང་པོ་དང་བཤགས་པའི་ཕུང་པོ། བསྔོ་བའི་ཕུང་པོ་གསུམ་པོ།)བཤགས་པའི་མདོ་རྣམས་སོ།  +
དང་པོ། དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཀྱི་བོད་ཡིག་འདི་ཐོག་མར་གསར་གཏོད་བྱེད་དུ་བཅུག་པ། གཉིས་པ། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཏེ་མི་རིགས་ཀྱི་རྣམ་པར་ལྡན་པའི་ཁྲིམས་ལུགས་ཐོག་མར་བཙུགས་པ། གསུམ་པ། དམག་དོན་དང་སྲིད་འཛིན་ཟུང་འབྲེལ་གྱི་གཅིག་གྱུར་ལམ་ལུགས་ཅུང་ཟད་ཆ་ཚང་ཙམ་ཞིག་བཙུགས་པ། བཞི་པ། མི་རིགས་རང་ཉིད་ཀྱི་སྔར་ཡོད་རིག་གཞུང་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག་མི་རིགས་གཞན་དག་གི་རིག་གནས་དང་ལག་རྩལ་སློབ་སྦྱོང་མཛད་པ། ལྔ་པ། རྒྱ་བོད་མི་རིགས་བར་དང་། བལ་བོད་མི་རིགས་གཉིས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་གནང་བ་བཅས་ཡིན།  +
རྣམ་སྣང་དང་། རིན་ཆེན་འབྱུང་གནས། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ་བཅས་ལྔ།  +
འགོག་པའི་སྙོམས་འཇུག་དང་འདུ་ཤེས་མེད་པའི་སྙོམས་འཇུག  +
ངན་སོང་གསུམ་དང་མི་དང་ལྷ་དང་ལྷ་མིན་གཉིས་གཅིག་ཏུ་བརྩིས་པའོ།  +
འགྲོ་བ་རིགས་དྲུག་གི་ནང་ནས་ལྷ་མ་ཡིན་དེ་ལྷའི་ཁོངས་སུ་བསྡུས་ནས་བགྲངས་པས་ལྔ་ཡོད་པ་དེ་ལ་བྱ་སྟེ། ཐར་པ་མ་ཐོབ་པ་ཚང་མ་འགྲོ་དགོས་པའི་ལམ་ཡིན་པས་ན་ལམ་རྒྱུད་ལྔ་ཟེར།  +
རྒོད་འགྱོད་གཉིས། གནོད་སེམས། རྨུགས་པ་དང་གཉིད་གཉིས། འདོད་པ་ལ་འདུན་པ། ཐེ་ཚོམ་སྟེ་ལྔ།  +
ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའི་ནང་ཚན་བསྒྲུབ་པར་བྱ་བ་ལྔ་ནི། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས པདྨའི་རིགས། ལས་ཀྱི་རིགས་ཏེ་ལྔའོ།  +
གནས་འོག་མིན་སྟུག་པོ་བཀོད། དུས་འཁོར་བ་ཇི་སྲིད། སྐུ་ལོངས་སྤྱོད་རྫོགས་པ། གསུང་ཐེག་ཆེན་དམ་ཆོས། འཁོར་བྱང་སེམས་འཕགས་པ་ཤ་སྟག་སྟེ་ངེས་པ་ལྔའོ།  +
འཛམ་གླིང་འདིར་གླིང་གཞན་ན་མེད་པའི་ཕྱིའི་ཁྱད་ཆོས་ཆེན་པོ་ལྔ་ཡོད། དབུས་སུ་རྒྱ་གར་རྡོ་རྗེ་གདན། ཤར་དུ་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ན་རི་བོ་པོ་ཏ་ལ་སྤྱན་རས་གཟིགས་ཀྱི་ཞིང་། ནུབ་ན་ཨོ་རྒྱན་མཁའ་འགྲོའི་གླིང༌། བྱང་ན་ཤམ་བྷ་ལ་ཆོས་རྒྱལ་རིགས་ལྡན་གྱི་ཞིང་།  +
མངལ་དུ་མེར་མེར་པོ་དང་བོ་དང་། ནུར་ནུར་པོ་གཉིས་པ་དང་། ལྟར་ལྟར་པོ་གསུམ་པ་དང་། འཁྲང་འགྱུར་བ་བཞི་པ་དང་ཡན་ལག་འགྱུས་པ་ལྔ་པ་སྟེ་བདུན་ཕྲག་སུམ་ཅུ་སོ་བརྒྱད་གནས་སོ།  +
མངོན་ཤེས་དྲུག་ལས་ཟག་མེད་ཀྱི་མངོན་ཤེས་ཕུད་པའི་ལྔ་སྟེ། ལྷའི་མིག་དང་ལྷའི་རྣ་བ། ཕ་རོལ་གྱི་སེམས་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ལྔའོ།  +
སྔགས་ཀྱི་མངོན་བྱང་ལྔ་དང་དོན་གཅིག  +
ལྷའི་མིག་གི་མངོན་ཤེས་དང་། ལྷའི་རྣ་བའི་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། རྫུ་འཕྲུལ་གྱི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས་རྣམས་སོ།  +
སྔར་བོད་རྒྱལ་གྲི་གུམ་བཙན་པོ་དང་། པུ་དེ་གུང་རྒྱལ་གཉིས།  +
བྱང་ཆུབ་ཀྱི་སེམས་སྒོམ་པ། རང་ལུས་ལྷར་སྒོམ་པ། བླ་མ་ལྷ་སྒོམ་པ། མི་རྟོག་པའི་ལྟ་བ་སྒོམ་པ། བསྔོ་སྨོན་གྱི་རྒྱས་འདེབས་པ་སྟེ་ལྔ།  +
སྐར་རྩིས་ལུགས་ཀྱི་ཤིས་མི་ཤིས་བརྟག་དཔྱད་བྱེད་སྐབས་རེས་གཟའ་དང་། སྐར་མ། ཚེས་གྲངས་འཕྲོད་པ། སྦྱོར་བ། བྱེད་པ་བཅས་ལྔ་ལ་བརྟེན་ནས་བཟང་ངན་བརྩི་རྒྱུའི་བགྲང་བྱ།  +
རིག་པའི་གནས་ལྔ་དང་དོན་གཅིག  +
བསྐྱེད་རིམ་གྱི་ལྷ་སྐུའི་སྒོམ་ཚུལ་ཞིག་སྟེ། ཟླ་བ་ལས་བྱང་ཆུབ་པ། ཉི་མ་ལས་བྱང་ཆུབ་པ། ས་བོན་ལས་བྱང་ཆུབ་པ། ཕྱག་མཚན་ལས་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ།  +
ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་རྣམས་སོ།  +
ངག་དབེན་ནམ་སེམས་དབེན་(ཚོགས་ལམ)། སྒྱུ་ལུས་ (སྦྱོར་ལམ)། འོད་གསལ (མཐོང་ལམ)། ཟུང་འཇུག (སྒོམ་ལམ)དང་མི་སློབ་པའི་ལམ་སྟེ་ལྔ།  +
རྒྱ་གར་ན་ཐོག་མར་མང་བཀུར། འོད་མཛེས། དགེ་བ། དགེ་མཆོག གསོ་སྦྱོང་འཕགས་ཏེ་ལྔའོ། བོད་ལ་གཉའ་ཁྲི་བཙན་པོ་སོགས།  +
གསལ་བྱེད་སུམ་ཅུའི་ནང་ནས་མིང་གཞིའི་སྔོན་དུ་འཇུག་པའི་ཡི་གེ་ལྔ་ནི། ག་ད་བ་མ་འ།  +
སྨན་ཡིན་ཡང་སྨན་དུ་མི་གྲགས་པའི་ཟས་སུ་རུང་བ་རྩ་བ་ལ་ཕུག་ལྟ་བུ་དང་། སྡོང་བུ་བུ་རམ་ཤིང་ལྟ་བུ་དང་། འདབ་མ་ལ་ཕུག་གི་ལོ་མ་ལྟ་བུ་དང་། མེ་ཏོག་པད་མ་ཨུ་ཏྤལ་ལྟ་བུ་དང་། འབྲས་བུ་རྒུན་འབྲུམ་ཁམ་བུ་སྟར་ཀ་ལྟ་བུའི་ལྔའོ།  +
གཞུང་ཆེན་ཀློག་སྐབས་ཀྱི་ཆིངས་ལྔ་སྟེ། ཁོག་དབུབ་སྟོང་ཐུན་གྱི་ཆིངས་དང་། ས་བཅད་རྣམ་འབྱེད་ཀྱི་ཆིངས། འབྲེལ་བ་འབྲུ་འགྲེལ་གྱི་ཆིངས། བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས།  +
ཐ་སྐར་གྱི་ལྷ་དང༌། གཞོན་ནུའི་ལྷ་གཉིས་སོ།  +
དགེ་འདུན་གྱི་རུང་བ། གང་ཟག་གི་རུང་བ། ཆུ་ཚགས་ཀྱི་རུང་བ། ཉིན་ཞག་གི་རུང་བ། ཁྲོན་པའི་རུང་བ།  +
གཟུགས་མེད་པ་དང༌། ཐོགས་པ་མེད་པ། རྟག་པ། མི་འགྱུར་བ། མི་འཕོ་བ་སྟེ་ལྔ་དང་ལྡན་པ་དེ་ནི་ནམ་མཁའོ།  +
རྟག་ཏུ་སྲུང་དགོས་པའི་ཆོས་ཀྱི་བསླབ་ཁྲིམས་ཏེ། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་པར་གཡེམ་པ། རྫུན་སྨྲ་བ། ཆང་འཐུང་བ་སྟེ་ཉེས་སྤྱོད་ལྔ་སྤོང་བ་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་བསླབ་ཁྲིམས་ལྟ་བུ།  +
མཚན་མ་དང་། མིང་དང་། རྣམ་རྟོག་དང༌། དེ་བཞིན་ཉིད་དང༌། མི་རྟོག་ཡེ་ཤེས་སོ།  +
དད་པ་དང༌། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ལྔའོ།  +
1. སྒྲུབ་པར་བྱེད་པའི་ཆོས་མ་གྲུབ་པ་དང༌། 2. བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ།། 3. གཉིས་ཀའི་ཆོས་མ་གྲུབ་པ། 4. རྗེས་སུ་འགྲོ་བ་མེད་པ། 5. རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ།  +
བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩ་ལྔའི་ནང་ཚན་ཞིག  +
1. བ་སྒྲུབ་པར་བྱ་བ་ལྡོག་པ་མེད་པ་དང༌། 2. སྒྲུབ་པར་བྱེད་པ་ལྡོག་པ་མེད་པ། 3. གཉིས་ཀ་ལྡོག་པ་མེད་པ། 4. ལྡོག་པ་མེད་པ། 5. ལྡོག་པ་ཕྱིན་ཅི་ལོག་པ།  +
གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་ཀྱི་སྐབས་ནས་གསུངས་པའི་མཆུ་སྡེ་ལྔ་ནི། རྡོ་རྗེ་མཆུ་ཞེས་བྱའི་ཀླུའི་དམ་ཚིག རྡོ་རྗེ་གནམ་ལྕགས་མཆུའི་གཟུངས། ལྕགས་མཆུའི་གཟུངས། ལྕགས་མཆུ་ནག་པོའི་གཟུངས་དང་བཞིའོ། བྱ་ཁྱུང་དྲག་པོའི་མཆུ། རྡོ་རྗེ་མཆུ་ཅན་གྱི་མཆུ་སྟེ་ཐེ་ཚོམ་ཅན་གཉིས་དང་དྲུག་གོ། ཁྱུང་གི་མཆུ་ཟེར་བ་གཅིག་ཀྱང་འདུག་གོ  +
1. གཙུག་ཏོར་རྣམ་རྒྱལ་དང་། 2.གཙུག་ཏོར་དྲི་མེད། 3. གསང་བའི་རིང་བསྲེལ་ཟ་མ་ཏོག 4. བྱང་ཆུབ་རྒྱན་འབུམ། 5. རྟེན་འབྲེལ་སྙིང་པོ་རྣམས་སོ།  +
སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས།  +
ཉེར་སྤྱོད་ལྔ་དང་དོན་གཅིག  +
1. རྒྱལ་པོའི་མཆོད་སྦྱིན་བཅོས་པ་དང་། མི་ཡི་བདག་པོའི་ཨ་དྷྭར་ཚངས་པའི་མཆོད་སྦྱིན་ཀློག་འདོན། 2. ལྷའི་མཆོད་སྦྱིན་སྦྱིན་སྲེག་བྱེད། 3. མི་ཡི་མཆོད་སྦྱིན་མགྲོན་འོང་མཆོད། 4. ཕ་མེས་མཆོད་སྦྱིན་མཚུན་ཚིམ་བྱེད། 5. འབྱུང་པོའི་མཆོད་སྦྱིན་གཏོར་མ་སྟེ། དེ་དག་མཆོད་སྦྱིན་གྱི་རྣམ་གྲངས་ལྔའོ།  +
ཚེ་རིང་མ་མཆེད་ལྔ།  +
གཟའ་མིག་དམར་དང་། ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་ལྔས་ཉིན་ཞག་ལ་སྤྱོད་ཚུལ།  +
གྲགས་པ་དང༌། དྲི་མེད། གང་པོ། བ་ལང་བདག ལག་བཟང་རྣམས་སོ།  +
དགྲ་བཅོམ་མ་ལ་འདོད་ལོག་སྤྱོད་པ། བྱང་སེམས་ངེས་གནས་གསོད་པ། སློབ་པའི་དགེ་འདུན་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ། མཆོད་རྟེན་བཤིག་པ་སྟེ་ལྔ།  +
གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་སྟེ་ལྔ།  +
མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་ཏེ་ལྔ།  +
འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སྟེ་ལྔ།  +
ཡང་ན་ཐབས་དང་ཤེས་རབ་གཉིས་ལའང་།  +
བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩ་ལྔའི་ནང་ཚན་ཞིག  +
འདི་སྙིགས་མ་ལྔ་བདོའི་དུས་རབས་ཞེས་པའི་དོན། སྙིགས་མ་ལྔ་ནི། ལྟ་བ་སྙིགས་མ། ཉོན་མོངས་སྙིགས་མ། ཚེ་སྙིགས་མ། སེམས་ཅན་སྙིགས་མ། དུས་སྙིགས་མ་བཅས་ལྔ་ལ་ཟེར། ཤཱཀྱ་མུ་ནེ་མྱ་ངན་ལས་འདས་པའི་རྗེས་ཀྱི་ལོ་ཆིག་སྟོང་ལྔ་བརྒྱ་སོང་བ་ན། སྙིགས་མ་ལྔ་བདོའི་དུས་རབས་མགོ་ཚུགས་པ་ཡིན་ཟེར་སྲོལ།  +
1. ཚེའི་སྙིགས་མ་མར་སྒྲིབ་ཚེ་ལོ་བརྒྱ་པ 2. དུས་ཀྱི་སྙིགས་མའམ་བསྐལ་བའི་སྙིགས་མ་རྩོད་ལྡན། 3. ཉོན་མོངས་པའི་སྙིགས་མ་དྲག་ལ་རྒྱུན་རིང་བ། 4. སེམས་ཅན་གྱི་སྙིགས་མ་རྒྱུད་དང་དབང་པོ་འདུལ་དཀའ་བ། 5. ལྟ་བ་སྙིགས་མ།  +
སྙིགས་མ་ལྔ་དང་དོན་གཅིག  +
མེ་ཏོག་གི་སྙིང་པོ་སྦྲང་རྩི་དང་། ཆུའི་སྙིང་པོ་ལན་ཚྭ་ལ་སོགས་པའི་བུ་རམ། ཞུན་མར། སྦྲང་རྩི། ཏིལ་མར་ལན་ཚྭ་སྟེ་ལྔ།  +
1. ཏེའི་དང་པོ་ཞེའུ་ཧོའུ་ཀིན་ཐི་ཡན། 2. གཉིས་པ་ཐུའུན་ཥྱའི་ཀུའུ་ཡང་ཞི། 3. གསུམ་པ་ཏེའི་ཀུ་ཀའུ་སིན་ཞི། 4. བཞི་བ་ཏེའི་ཡོའུ་ཐོའུ་ཐང་ཞི།། 5. ལྔ་བ་ཏེའི་ཞུན་ཡིའུ་ཡུས།  +
1. དབུས་སུ་ཟུག་པ་རྩ་བའི་སྐོར་སངས་རྒྱས་གླིང་པ། 2. ཤར་དུ་འདྲིལ་བ་སྡོང་པོའི་སྐོར་རྡོ་རྗེ་གླིང་པ། 3. ནུབ་ཏུ་གསལ་བ་མེ་ཏོག་གི་སྐོར་པདྨ་གླིང་པ། 4. ལྷོར་སྨིན་པ་འབྲུའི་སྐོར་རཏྣ་གླིང་པ། 5. བྱང་དུ་གྱེས་པ་ཡལ་གའི་སྐོར་ཀརྨ་གླིང་པ་སྟེ་ལྔའོ།  +
འགོ་བའི་ལྷ་ལྔས་བསྲུང་བའི་རྟགས་ལྔ་ནི། གཡག་དཀར། ཞང་བློན། ཁྲ་སྤྱང་། བུད་མེད། རི་དྭགས། ཏིང་ངེ་འཛིན་མི་གསལ་བའོ།  +
ལོག་ལྟ། འཇིག་ལྟ། མཐར་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ། ལྟ་བ་མཆོག་འཛིན་ནོ།  +
འདུལ་བ་ལས་བྱུང་བའི་ལྟུང་བ་སྡེ་ལྔ་ནི་ཕམ་པའི་སྡེ། ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་སྟེ་ལྔ།  +
ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་སྔགས་རྡོ་རྗེ་ཐེག་པ།  +
1. ཕས་ཕམ་པར་གྱུར་པའི་ཆོས་བཞི། 2. དགེ་འདུན་ལྷག་མ་བཅུ་གསུམ། 3. ལྟུང་བྱེད། 4. སོ་སོར་གཤགས་པ་བྱ་བ་བཞི། 5. བསླབ་པའི་ཆོས་མང་པོ།  +
1. ཆོས་འཆད་མ། 2. བདུད་འདུལ་མ། 3. མཉམ་བཞག་་མ། 4. ཆུ་ལོན་མ། 5. གྲོང་གཤེགས་མ་དང་ལྔའོ།  +
དད་པ་དང་། བརྩོན་འགྲུས། དྲན་པ་ཏིང་ངེ་འཛིན། ཤེས་རབ་སྟེ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་སྟོབས་ལྔ།  +
ཡང་ན། འཕེན་པའི་སྟོབས་དང༌། གོམས་པའི་སྟོབས། སུན་འབྱིན་པའི་སྟོབས། དཀར་པོ་ས་བོན་གྱི་སྟོབས། སྨོན་ལམ་གྱི་སྟོབས་ཏེ་བློ་སྦྱོང་དོན་བདུན་མའི་སྟོབས་ལྔའོ (བློ་སྦྱོང་ལས་བྱུང་བའི་སྟོབས་ལྔ)།  +
ཀུན་སྦྱོར་གསུམ་གྱི་སྟེང་དུ་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་བསྣན་པའོ།  +
1. ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། 2. ཡེ་ཤེས་མཚོ་རྒྱལ། 3. ནམ་མཁའི་སྙིང་པོ། 4.རྒྱལ་བ་མཆོག་དབྱངས། 5. བཻ་རོ་ཙ་ན་ལྔའོ།  +
1. བདུད། 2. སྲིན་པོ། 3. བཙན། 4. རྒྱལ་པོ། 5. མུ་སྟེགས་ཏེ་ལྔའོ།  +
ལུས་ཀྱི་ཁ་དོག་མི་སྡུག་པར་གྱུར་པ་དང༌། གདན་ལ་མི་དགའ་བ། མེ་ཏོག་ཕྲེང་བ་རྙིང་པ། གོས་ལ་དྲི་མ་ཆགས་པ། ལུས་ལ་སྔོན་ཆད་མེད་པའི་རྡུལ་འབྱུང་བ།  +
གྷ་ཛྷ་ཌྷ་དྷ་བྷ་ལྔ་ལ་ཟེར། དེ་ལྔ་ལ་འཐུག་པོ་ཟེར་བའི་རྒྱུ་མཚན་ནི། གསལ་བྱེད་ཀྱི་ཡི་གེ་སྟེང་འོག་བརྩེགས་ནས་ཡོད་པའི་ཆ་ནས་ཀློག་དུས་སྒྲ་གདངས་རྩུབ་ཅིང་། རླུང་ཤུགས་དྲག་པོའི་སྒོ་ནས་བརྗོད་དགོས་པའི་གནས་ཀྱིས་སྒྲ་གདངས་ཀྱི་སྒོ་ནས་བཏགས་པ་ཡིན།  +
རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་དང་སྒྲའི་ཕྲད་ཀྱི་འཇུག་ཚུལ་ལྔ་ནི། 1. འབྱེད་པ། 2. སྡུད་པ། 3. རྒྱུ་མཚན་སྟོན་པ། 4. ཚེ་སྐབས། 5. གདམས་ངག་བཅས་སོ།  +
གཟུགས་ཀྱི་མཐའི་ནང་གསེས་ལྕགས་རྡུལ་བདུན་གྱི་ཚད་ལའང་།  +
མཐའ་གཉིས་འཇོག་ཚུལ་མི་འདྲ་བ་གཉིས་ཏེ། གཅིག་ནི་སྲིད་པ་འཁོར་བའི་མཐའ་དང་། ཞི་བ་མྱང་འདས་ཀྱི་མཐའ་གཉིས་ལ་འཇོག་ཅིང༌། གཅིག་ནི། རྟག་པའི་མཐའ་དང་ཆད་པའི་མཐའ་གཉིས་ལ་འཇོག་གོ  +
དད་པའི་དབང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་བའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོ།  +
1. སྲིན་པོ་བློ་གྲོས་ཐབས་ལྡན། 2. ལྷ་གྲགས་ལྡན་ཆོས་སྐྱོང་། 3. ཀླུ་འཇོག་པོ། 4.གནོད་སྦྱིན་སྐར་མདའ་གདོང༌། 5. མི་ལི་ཙྪ་བྱེ་དྲི་མ་མེད་པ།  +
མིའི་ཤ། གླང་པོ་ཆེའི་ཤ། བ་གླང་གི་ཤ། ཁྱིའི་ཤ། རྟའི་ཤའོ།  +
ཤའི་དྭངས་མ་རྩ་དབུ་མ། ཁྲག་གི་དྭངས་མ་ཨ་ཐུང་། རུས་པའི་དྭངས་མ་ལྷ་བ། རླུང་གི་དྭངས་མ་སྲོག་རླུངས། དྭངས་མའི་དྭངས་མ་ཀུན་གཞིའི་རྣམ་ཤེས་སོ། ཡང་ན་སྙིང་མེའི་ཁམས་དྭངས་མ་ལྕེ། གློ་བ་ལྕགས་ཀྱི་ཁམས་དྭངས་མ་རྣ་བ། མཆིན་པ་ཤིང་གི་ཁམས་དྭངས་མ་མིག མཚེར་པ་སའི་ཁམས་དྭངས་མ་སྣ། མཁལ་མ་ཆུའི་ཁམས་དྭངས་མ་རྡོ་རྗེ་པདྨའོ།  +
འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སྟེ་ལྔ།  +
དགུན། དཔྱིད། སོས། དབྱར། སྟོན་ཏེ་ལྔ།  +
དགུན་གྱི་དུས། དཔྱིད་ཀྱི་དུས། དབྱར་གྱི་དུས། དབྱར་ཐུང་ངུའི་དུས། དབྱར་རིང་པོའི་དུས་སོ། དང་བོ་གཉིས་ནི་ཟླ་བ་བཞི་བཞིའོ།  +
གཟུགས། སྒྲ། དྲི། རོ། རེག་བྱ།  +
རྣམ་སྣང་། མི་བསྐྱོད་པ། འོད་དཔག་མེད། རིན་འབྱུང་། དོན་གྲུབ་རྣམས་སོ།  +
དོན་སྙིང་ལྔ་དང་མཚུངས་ཏེ། སྙིང་དང་། གློ་བ། མཆིན་པ། མཚེར་བ། མཁལ་མ་ལྔ་འོ།  +
དྭགས་པོ་དང་ཀོང་པོ་གཉིས།  +
ཡང་ན། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལའང་།  +
སྙིང་དང་། གློ་བ། མཆིན་པ། མཚེར་བ། མཁལ་མ་སྟེ་ལྔ།  +
སྟོབས་པོ་ཆེ། རྡོ་རྗེ་རྣམ་འཇོམས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། ལྷ་མོ་འོད་ཟེར་ཅན། མི་རྒོད་རྣམ་འཇོམས་བཅས་ལྔའོ།  +
མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སྟེ་ལྔ།  +
ཙན་དན་དཀར་དམར་ཛཱ་ཏི་གུར་ཀུམ་ག་པུར་རོ།  +
ཡང་ན། ཙན་དན་དང༌། གླ་རྩི། ཛཱ་ཏི། གུར་ཀུམ། ག་པུར་ཏེ་ལྔ།  +
ཡོངས་གྲགས་སུ་རྒྱལ་པོ་སྐུ་ལྔ་ཟེར་ཏེ། 1. ཤར་ཕྱོགས་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ། 2. ལྷོ་ཕྱོགས་ཡོན་ཏན་གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། 3. ནུབ་ཕྱོགས་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག 4. བྱང་ཕྱོགས་འཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར། 5. དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་བཅས་རྣམས་ལ་ཟེར། དགེ་ལུགས་པ་དང༌རྙིང་མ་བ་གཉིས་ཀས་བསྟེན་གསོལ་བྱེད་པའི་སྲུང་མ་ཞིག་སྟེ། རྒྱལ་བ་རིགས་ལྔ་དྲེགས་པས་རྣམ་པར་སྤྲུལ་བ་ཡིན་ཟེར།  +
བསྡིགས་པ། སྨད་པ། བསྙད་པ། སླར་བསྡུམ་པ། སྤང་བ་སྟེ་མི་འཇིགས་པ་བཅས་ལྔ།  +
ལུང་ཨ་ནུ་ཡོ་གའི་དམ་ཚིག་སྐབས་སུ་དགྲ་བཞི་འདུལ་བ་དང༌། བདུད་ལྔ་བཟློག་པ་ཞེས་པའི་ནང་གསེས་བདུད་ལྔ་ནི། 1. རྣམ་རྟོག་འཕྲོགས་པའི་བདུད། 2. བཏང་སྙོམས་ལེ་ལོའི་བདུད། 3. ལོངས་སྤྱོད་འདུ་འཛིའི་བདུད། 4. ཚིག་རྩུབ་མཚོན་ཆའི་བདུད། 5. ཁྲོ་གཏུམ་ངང་ཐུང་གི་བདུད་དང་ལྔའོ།  +
དྲི་ཆེན། དྲི་ཆུ། བྱང་སེམས་དཀར་དམར། རྐང་མར་རྣམས་སོ།  +
རང་དོན་དང་གཞན་དོན་གཉིས།  +
བདག་བྱིན་བརླབས་ཀྱི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལན་དྷ་རའི་རིམ་པ། བསམ་མི་ཁྱབ་པའི་རིམ་པའོ།  +
འདོད་ལྷའི་བུ་བདུད་དགའ་རབ་དབང་ཕྱུག་ལ་ཡོད་པའི་མྱོས་བྱེད་དང་། སྲེད་བྱེད། རྨོངས་བྱེད། སྐེམ་བྱེད་དམ་རྒོད་བྱེད། འཆི་བྱེད་དམ་བརྒྱལ་བྱེད་ཀྱི་མདའ་སྟེ་ལྔ།  +
ཚོགས་ལམ་དང་། སྦྱོར་ལམ། ས་དང་པོ་མཐོང་ལམ། ས་གཉིས་པ་ནས་དགུ་པའི་བར་སྒོམ་ལམ། ས་བཅུ་པ་མི་སློབ་ལམ།  +
འདོད་ཆགས་སྐྱེ་ཡུལ་གྱི་ཡོན་ཏན་ལྔ་སྟེ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་བཅས་རྣམས།  +
གཟུགས་ཀྱི་ཡོན་ཏན། སྒྲའི་ཡོན་ཏན། དྲིའི་ཡོན་ཏན། རོའི་ཡོན་ཏན། རེག་བྱའི་ཡོན་ཏན་ནོ།  +
གཟུགས་མེ་ལོང་། སྒྲ་པི་ཝང་། དྲི་བདུག་སྤོས། རོ་ལྷ་བཤོས། རེག་བྱ་ལ་དར་དཀར།  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
ལེགས་སྦྱར་གྱི་གསལ་བྱེད་སྡེ་པ་ལྔ་སོ་སོའི་ཡི་གེ་ལྔ་པ་སྟེ། ང་ཉ་ཎ་ན་མ་རྣམས་སོ།  +
1. ལྷ་ཁྱབ་འཇུག 2. ཀླུ་ཁྱབ་འཇུག 3.གཟའ་ཁྱབ་འཇུག 4. ས་བདག་ཁྱབ་འཇུག 5. སྡེ་བརྒྱད་ཁྱབ་འཇུག་དང་ལྔའོ།  +
སྲོག་འཛིན། ཁྱབ་བྱེད། མེ་མཉམ། གྱེན་རྒྱུ། ཐུར་སེལ་ཏེ་ལྔའོ།  +
ཡང་ན་འདི་དང་ཕྱི་མའི་དོན་གཉིས།  +
དུག་ལྔ་དང་དོན་གཅིག  +
རིག་གནས་ཆེ་ཆུང་ལྔ།  +
མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་། ཤིན་ཏུ་མཐོང་། འོག་མིན་ཏེ་ལྔ།  +
དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ལྔ།  +
དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ལྔ།  +
དྲི་མེད་ཀུན་དགའ་དྲི་མེད་ལྷུན་པོ་དང་། དྲི་མེད་འོད་ཟེར་དྲི་མེད་རྡོ་རྗེ་དང༌། དྲི་མེད་ཚུལ་ཁྲིམས་དང་ནི་རྣམ་ལྔའོ།  +
1. སྲོག་གཅོད་པ། 2. མ་བྱིན་པར་ལེན་པ། 3.མི་ཆོས་བླ་མའི་བརྫུན་སྨྲ་བ། 4. ལོག་གཡེམ་བྱེད་པ་བཅས་རྩ་བ་བཞིའི་སྟེང་དུ། 5. ཆང་འཐུང་བ་བསྣན་པས་སྤང་བྱ་ཡན་ལག་ལྔའོ།  +
ཤའི་སྤྱན་དང༌། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་སམ་ཡེ་ཤེས་ཀྱི་སྤྱན་ཏེ་ལྔ། དེ་དག་རིམ་བཞིན་དུ། 1. ཤའི་སྤྱན་རྒྱལ་ཆེན་བཞི་ལ་ཡོད་དོ། རྒྱུ་གང་ལས་བྱུང་ན་ཟག་བཅས་ཀྱི་དགེ་བ་ལས་བྱུང་། དངོས་པོ་གཅིག་གིས་གཅིག་ལ་བསྒྲིབ་པར་གཟིགས། 2. ལྷའི་སྤྱན་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་ཡོད་དོ། ཟག་བཅས་ཀྱི་དགེ་བ་ལས་བྱུང་སྣོད་དུས་གཅིག་ལ་གཟིགས། 3. ཆོས་ཀྱི་སྤྱན་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡོད་དོ། དམིགས་མེད་ཀྱི་དགེ་བ་ལས་བྱུང་། ཆོས་སོ་ཅོག་ཀུན་སྒྱུ་མར་གཟིགས། 4. སངས་རྒྱས་ཀྱི་སྤྱན་ནི་སངས་རྒྱས་ལ་ཡོད་དོ། ལྟ་བ་སྒོམ་ལས་བྱུང་། ཡུལ་ཀུན་སྐུ་དང་ཡེ་ཤེས་སུ་གཟིགས། 5. ཤེས་རབ་ཀྱི་སྤྱན་ནི་རྟོགས་པ་དང་ལྡན་པ་ལ་ཡོད་དོ། བླ་མའི་དྲིན་ལས་བྱུང༌། ཡུལ་རྣམས་སྟོང་བར་གཟིགས་སོ།  +
བོད་དབུས་གཙང་གཉིས་སུ་བླ་མ་སྤྲུལ་སྐུ་ལ་གོ་ས་མཐོ་དམན་གྱི་དབང་གི་རིམ་པ་ལྔ་ནི། 1. རྒྱལ་སྤྲུལ (བླ་མ་སྤྲུལ་སྐུའི་ནང་ནས་བོད་ཀྱི་རྒྱལ་བོ་བྱས་མྱོང་བའི་སྤྲུལ་སྐུ་སྟེ)། 2. ཧོ་ཐོག་ཐུ (རྒྱལ་པོའི་སྤྲུལ་སྐུ་མིན་ཀྱང་མན་ཇུའི་གོང་མའི་སྲིད་གཞུང་དང། ཏཱ་ལེར་། པཎ་ཆེན་གསུམ་གང་རིགས་ནས་ཧོ་ཐོག་ཐུའི་གོ་གནས་སྦྱིན་པའི་བླ་མའི་སྤྲུལ་སྐུ་རྣམས་ལ་ཟེར)། 3. ཚོགས་ཆེན་སྤྲུལ་སྐུ (ཧོ་ཐོག་ཐུའི་འོག་གི་སྤྲུལ་སྐུ་གོ་གནས་མཐོ་བ་ཚོགས་ཆེན་འདུ་ཁང་ནང་ཁྲི་མཐོན་པོ་ཐོབ་པ་རྣམས་ལ་ཟེར)། 4. ཁྲི་སྤྲུལ (དགའ་ལྡན་ཁྲི་པའི་སྤྲུལ་སྐུ་རྣམས)། 5. མཁན་སྤྲུལ (སེ་འབྲས་དགེ་གསུམ་དགོན་པ་ཁག་གི་མཁན་པོའི་སྤྲུལ་སྐུ་རྣམས་ཏེ་གྲྭ་ཚང་སྤྲུལ་སྐུ་ཡང་ཟེར)།  +
ཤར་ནུབ་རི་ལ་གནས་པ་དང་། གངས་རིར་གནས་པ། འཇིག་རྟེན་འདས་པར་སྨྲ་བ། བཏགས་པར་སྨྲ་བ་སྟེ་སྡེ་ལྔ།  +
རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ།  +
གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་སྟེ་ལྔ། །  +
ཆོས་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། སྟོན་བ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་བ།  +
1. དབུ་རྒྱན། 2. འཁོར་ལོ། 3. རྣ་ཆ། 4. མགུལ་རྒྱན། 5. ལག་གདུབ། 6. སྐ་རགས། ལོངས་སྐུ་ལ་རྟགས་ཀྱི་རྒྱན་དྲུག་སྟེ། དབུ་རྒྱན། སྙན་ཆ། མགུལ་ཆས། དོ་ཤལ། དཔུང་རྒྱན། ཕྱག་གདུབ་གཉིས། ཞབས་གདུབ་གཉིས། སེ་མོ་དོ་དང་བཅུའོ།  +
གྲངས་ཅན་པ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་རྣམས་སོ།  +
1. དུང་སེང་། 2. གཡུ་འབྲུག 3. མཚལ་བྱ་ 4. རུས་སྦལ་ཁྲ་བོ། 5. གསེར་སྦྲུལ་ལྔའོ།  +
1. ས་རླུང་སེར་པོ། 2. ཆུ་རླུང་དཀར་པོ། 3. མེ་རླུང་དམར་པོ། 4. རླུང་གི་རླུང་ལྗང་ཁུ། 5. ནམ་མཁའི་རླུང་མཐིང་ནག  +
1. རྒྱང་རིང་འཕོག་པ། 2. མི་འཆོར་བར་འཕོག་པ། 3. ཚབས་ཆེ་བ་འཕོག་པ། 4. གནད་དུ་འཕོག་པ། 5. སྒྲ་དྲག་པར་འཕོག་པ་ཞེས་འཕངས་རྐྱེན་སྣ་ལྔ་བྱ་བའོ།  +
སྔོན་འཇུག་ཡི་གེ་ག་ད་བ་མ་འ་སྟེ་ལྔ།  +
1. རིམ་གྱིས་བསྒྲིམ་ན་ཕོག་པ་དང༌། 2. བསྒྲིམ་མི་དགོས་པར་ཕོག་པ་འབྱང་ལ། ད་དུང་སྦྱངས་པས་རྒྱང་རིང་བོར་ཕོག་པ་དང་། 3. གང་ལ་འཕངས་ཀྱང་མི་འཆོར་བར་ཕོག་པ། 4, གང་ལ་གཏད་པ་ལྟར་གནད་དུ་ཕོག་པ། 5. ཤུགས་སམ་ཚབས་ཆེ་བར་ཕོག་པ་དང་གཟུགས་མ་མཐོང་ཡང་སྒྲ་གྲགས་པ་ལ་གཏད་ནས་འཕངས་པས་ཕོག་པར་བྱང་བའོ།།  +
བ་ལས་བྱུང་བའི་བའི་ཆུ་དང་། ལྕི་བ། འོ་མ། མར། ཞོའོ།  +
དྲང་བ་དང་ངེས་པའི་དོན་གཉིས། དྲང་བའི་དོན་ནི་གཞན་འཁྲིད་པའི་ཆེད་དུ་གོ་སླ་བར་བཤད་པའི་ཀུན་རྫོབ་ཀྱི་ཆ་དང༌། ངེས་པའི་དོན་ནི་དངོས་གནས་པའོ།  +
སྨན་གཞུང་ལས་བཤད་པའི་ལུས་ཀྱི་བད་ཀན། རྟེན་བྱེད་དང་། མྱག་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་དེ་ལྔ།  +
བློ་མང་བ་དང་། སྙིང་སྟོབས་ཆུང་བ། གཞན་གྱི་དབང་དུ་འགྲོ་སླ་བ། ཟས་ནོར་ལ་སེར་སྣ་ཆེ་བ། རང་ཤེད་ཆེ་བ་སྟེ་ལྔ།  +
རྒྱལ་བ་བྱམས་པས་ཐོགས་མེད་ལ་གསུངས་པའི་ཆོས་ཏེ། 《མངོན་རྟོགས་རྒྱན་》 《མདོ་སྡེ་རྒྱན་》 《རྒྱུད་བླ་མ་》 《ཆོས་དང་ཆོས་ཉིད་རྣམ་འབྱེད་》《དབུས་མཐའ་རྣམ་འབྱེད་》དེ་སྡེ་ཚན་ལྔའོ།  +
རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་ལྔ་ནི། ཀྱིས། གིས། གྱིས། འིས། ཡིས་ལྔ་བོའོ།  +
ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའི་ནང་ཚན་གྱི་བླངས་པ་ལྔ་ནི། དྲི་ཆེན། དྲི་ཆུ། རཀྟ་བྱང་སེམས་དཀར་དམར་ཏེ་ལྔའོ།  +
མགར་ནི་སྔར་བོད་རྒྱལ་སྲོང་བཙན་སྒམ་པོ་སྐབས་ཀྱི་བློན་ཆེན་ཞིག ཁོང་གི་བུ་ལྔ་ནི། མགར་བཙན་སྙ་སྡོམ་བུ་དང་། མགར་ཁྲི་འབྲིང༌། བཙན་བྲོད། བློན་ཟི་མདོ་ཡེ། བློན་འབལ་ལོན་བཅས་ལྔའོ། །  +
གྲོང་དང༌། ལྗོངས་དང༌། གྲོང་ཁྱེར། གྲོང་བརྡལ། ཡུལ་འཁོར་འཇོམས་པའོ།  +
མིག་དང་། རྣ་བ། སྣ། ལྕེ། སྐྱི་མོ་སྟེ་ལྔ།  +
ནམ་མཁའི་རྟེན་ནི་སྙིང་། རླུང་གི་རྟེན་ནི་གློ་བ། མེ་ཡི་རྟེན་ནི་མཆིན་པ། ཆུ་ཡི་རྟེན་ནི་མཁལ་མ། ས་ཡི་རྟེན་ནི་མཚེར་བ་སྟེ་ལྔ།  +
མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་སྟེ་ལྔའོ། ཡིད་དབང་བརྩིས་པས་དྲུག་དང་། ཕོ་དབང་མོ་དབང་སོགས་བརྩིས་པས་ཉེར་གཉིས་སོ། ཡང་ན། དད་པའི་དབང་པོ་དང་། བརྩོན་འགྲུས་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོ་སྟེ་རྣམ་བྱང་དབང་པོ་ལྔའོ།  +
གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པ།  +
དེ་ཡང་ནང་དུ་དོན་སྙིང་ལྔ་ལས་མེ་ཏོག་ལྟར་དབང་པོ་ལྔ་ཕྱིར་སྣང་བ་སྟེ། ས་ཆུ་མེ་རླུང་ནམ་མཁའི་དྭངས་མ་མཚེར་པ། མཁལ་མ། སྙིང་། གློ་བ། མཆིན་པ་ལྔ་ལས་མཚེར་པའི་མེ་ཏོག་མཆུ། མཁལ་མའི་མེ་ཏོག་རྣ་བ། སྙིང་གི་མེ་ཏོག་ལྕེ། གློ་བའི་མེ་ཏོག་སྣ། མཆིན་པའི་མེ་ཏོག་མིག་དང་ལྔར་འཆར་ཏེ། འདི་དག་ལུས་ལས་བྱུང་བའོ།  +
མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོའོ།  +
1. ཡུམ་འབུམ་པ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་བྱའོ། 2. དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་ཀྱི་མཚན་འབུམ་ཡོད་པས་འབུམ་ཟེར། 3. ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པས་འབུམ་ཟེར། 4. མྱ་ངན་ལས་འདས་པའི་འབུམ་ནི། སྟོན་པ་སྐུ་མྱ་ངན་ལས་འདས་ཁར་ཞལ་ཆེམ་འབུམ་བཞག་པ་ཡོད་པས་འབུམ་ཟེར། 5. འཕགས་པ་ལང་ཀར་གཤེགས་པའི་འབུམ་ནི་སྲིན་པོའི་ཡུལ་ལང་ཀ་བུ་རང་དུ་མདོ་སྡེ་ལང་ཀར་གཤེགས་པ་བཞེངས་སུ་གསོལ་ནས། སྲིན་པོ་འབུམ་བཏུལ་བ་དང་རྣམ་གྲངས་འབུམ་ཡོད་པའི་ཕྱིར་ན་འབུམ་ཞེས་བྱའོ།  +
འབུམ་རྒྱས་པ་དང་། ཕལ་པོ་ཆེ། དཀོན་བརྩེགས། ལདྒར་གཤེགས་མདོ། མྱ་ངན་འདས་མདོ་སྡེ་ལྔ།  +
ས་ཆུ་མེ་རླུང་ནམ་མཁའ་དང་།  +
ཡང་ན་ལྕགས་དང་ཤིང་ཆུ་མེ་ས་དང་ལྔའོ།  +
རྒྱུ་མཐུན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། བྲལ་བའི་འབྲས་བུ་སྟེ་ལྔ།  +
ནས་དང་། འབྲས་གྲོ། སྲན་མ། ཏིལ་ཏེ་ལྔ།  +
ཡང་ན་གྲོ། ནས། སྲན་མ། བྲ་བོ། སོ་བ་ལྔ་ཞེས་འདྲེན་ཚུལ་སོ་སོར་ཡོད།  +
རྣམ་དབྱེ་དྲུག་པའི་འབྲེལ་བ་གསལ་བྱེད་ཀྱི་ཚིག་ཕྲད་ལྔ་ནི། གི ཀྱི། གྱི། འི། ཡི་ལྔ་བོའོ།  +
བདག་མེད་གཉིས་དང་དོན་མཚུངས།  +
ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ།  +
པདྨ་བཀའི་ཐང་ཡིག་ལས། མི་ཐུབ་ལྔ་འབྱུང་གསུངས་པ་ནི། བུད་མེད་ཀྱིས་ལུས་མི་ཐུབ། བཙུན་པས་སྡོམ་པ་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། བསྒོམ་ཆེན་གྱིས་རི་མི་ཐུབ། སས་གཏེར་མི་ཐུབ་པའོ།  +
ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའི་ནང་ཚན་མི་སྤང་བའི་དམ་ཚིག་ལྔ་ནི། 1. འདོད་ཆགས་དང་། 2. ཞེ་སྡང་། 3. གཏི་མུག 4. ང་རྒྱལ། 5. ཕྲག་དོག་སྟེ་ལྔའོ།  +
1. ལྕགས་ཕྱེ (ཨ་རུ་ར་བཏུལ་མ)སྲང་བཞི། 2. སྐྱེར་བའི་བར་ཤུན་སྲང་དོ། 3. ཨ་རུ་ར་སྲང་དོ། 4. བ་རུ་ར་སྲང་དོ། 5. སྐྱུ་རུ་ར་སྲང་དོ།  +
མིང་གཞིའི་ཡི་གེ་སུམ་ཅུ་ཐམ་པའི་ནང་ནས་ཀ་ཅ་ཏ་པ་ཙ་ལྔ་ནི་ཕོ་ཡིག་ལྔ།  +
མིང་གཞིའི་ཡི་གེ་སུམ་ཅུ་ཐམ་པའི་ནང་ནས་ཁ་ཆ་ཐ་ཕ་ཚ་ལྔ་ནི་མིང་གཞིའི་མ་ནིང་ཡི་གེ་ལྔའོ།  +
ཉི་མའི་མེ་དང་མར་མེ་སོགས་མེ་ལྔ།  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩ་ལྔའི་ནང་ཚན་ཞིག  +
1. དབང་ལག 2. ཀན་ཌ་ཀཱ་རི།། 3. སླེ་ཏྲེས། 4. ཅུ་གང་། 5. ཤ་དག་དཀར་པོ།  +
གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་བདག་འཛིན།  +
མི་ཚ་མི་གདུང་རྒྱ་ནོམ་སྣང་། ཤིན་ཏུ་མཐོང་དང་འོག་མིན་ནོ།  +
གཙུག་ཏོར་གདུགས་དཀར། གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་འབར་བ། གཙུག་ཏོར་ཕུར་བུ་རྣམས་སོ།  +
སྔར་བོད་རྒྱལ་ཉེར་བཞི་པ་ཏོ་རེ་ལོང་བཙན་དང་། ཉེར་ལྔ་པ་ཁྲི་བཙན་ནམ། ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན། ཉེར་བདུན་པ་ཐོག་རྗེ་ཐོག་བཙན། ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་ཏེ་རྒྱལ་རབས་ལྔ་བོའོ།  +
སྤྱི་བོ་དང་། མགྲིན་པ། སྙིང་ག ལྟེ་བ། གསང་གནས་བཅས་ཀྱི་རྩ་འཁོར་ལྔ།  +
སྲོག་འཛིན་དང་། ཐུར་སེལ་དང༌། གྱེན་རྒྱུ་དང་། མཉམ་གནས་དང་། ཁྱབ་བྱེད་ཀྱི་རླུང་སྟེ་ལྔ།  +
སྨན་གཞུང་ལས་བཤད་པ་ལྟར་མི་ལུས་ཀྱི་སྤྱི་བོ་དང་། མགྲིན་པ། སྙིང་ག ལྟེ་བ། གསང་གནས་བཅས་སོ་སོར་ཡོད་པའི་རྩ་མདུད་ལྔ།  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
ཇོ་མོ་ཚེ་རིང་མཆེད་ལྔ་སྟེ། བཀྲ་ཤིས་ཚེ་རིང་མ། མཐིང་གི་ཞལ་བཟང་མ། མི་གཡོ་བློ་བཟང་མ། ཅོད་པན་མགྲིན་བཟང་མ། གཏད་དཀར་འགྲོ་བཟང་མ་བཅས་ནི། བཀའ་བརྒྱུད་ཆོས་ལུགས་ཀྱི་སྲུང་མའི་གཙོ་བོའི་གྲས་ཤིག་ཡིན།  +
ཚེ་རིང་མཆེད་ལྔ་དང་དོན་གཅིག  +
ཀུན་རྫོབ་པའི་ཆོས་དཀོན་མཆོག་དང་། དོན་དམ་པའི་ཆོས་དཀོན་མཆོག་གཉིས་ཏེ། དང་པོ་ནི། བཀའ་དང་བསྟན་བཅོས་ཡི་གེར་བྲིས་པའི་དཔེ་ཆ་ལ་ཟེར་ཞིང་། གཉིས་པ་ནི། དེའི་ནང་དོན་ནམ་བརྗོད་བྱ་སངས་རྒྱས་ཐོབ་བྱེད་ཀྱི་སྤངས་པ་དང་། རྟོགས་པ་གཉིས་ལ་ཟེར།  +
ཚེ་རིང་མཆེད་ལྔ་དང་དོན་གཅིག  +
ཚོར་བ་ཐམས་ཅད་དེ་ལུས་ཚོར་བདེ་སྡུག་གཉིས་དང་། ཡིད་ཚོར་ཡིད་མི་བདེ་བ་དང་ཡིད་བདེ་བ་གཉིས་དང༌། བཏང་སྙོམས་དང་ལྔའོ།  +
ཕ་གསོད་པ་དང་། མ་གསོད་པ། དགྲ་བཅོམ་གསོད་པ། དགེ་འདུན་གྱི་དབྱེན་འབྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་ལྔ།  +
1. མཆོད་རྟེན་བཤིག་པ་དང༌། 2. དགེ་འདུན་གྱི་དཀོར་འཕྲོག་པ་དང་། 3. བྱང་སེམས་ངེས་གནས་བསད་པ། 4. དགྲ་བཅོམ་མ་སུན་པར་བྱས་པ། 5. སློབ་པ་བསད་པ།  +
ལེགས་སྦྱར་སྐད་ཀྱི་དབྱངས་ཡིག་ཨ་ཨི་ཨུ་རྀ་ལྀ།  +
མཚུར་ལ་དཀར་དམར་སྔོ་ནག་སེར་ཏེ་ཁ་དོག་སྣ་ལྔ་ཡོད།  +
1. ཐའི་ཧུ། 2. ཕོ་ཡང་ཧུ། 3. ཁྱིང་ཚོ་ཧུ། 4. ཏན་ཡང་ཧུ། 5. ཏུང་ཐིང་ཧུ་བཅས་ལྔ།  +
1. འཛམ་བུའི་གླིང་འདིའི་དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདན། 2. ཤར་ན་འཇམ་དབྱངས་ཀྱི་བཞུགས་གནས་རི་བོ་རྩེ་ལྔ། 3. ལྷོ་ན་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་གྲུ་འཛིན། 4. ནུབ་ན་མཁའ་འགྲོའི་བཞུགས་གནས་ཨུ་རྒྱན། 5. བྱང་ན་རིགས་ལྡན་གྱི་བཞུགས་གནས་ཤམ་བྷ་ལའོ།  +
སྒོམ་བྱུང་དང་རྗེས་ཐོབ་ཀྱི་རྫུ་འཕྲུལ་དང་གན་དྷིར་ཞེས་པ་སྔགས་ཀྱིས་ནམ་མཁར་འགྲོ་བ་སོགས་དང་གཞན་སེམས་ཤེས་པ་དང་སྨན་ལས་བྱུང་བ་དང་ལས་ལས་བྱུང་བ་བཅས་ལྔ།  +
1. ཝུའི་ཝིན་ཏི་ཚའོ་ཕི། 2. ཝུའི་མིང་རྟི་ཚའོ་རུའི། 3. ཝུའི་ཆི་ཝང་ཚའོ་ཧྥང་། 4. ཝུའི་ཀའོ་ཀུའི་ཤང་ཀུང་མའོ། 5. ཝུའི་ཡོན་རྟི་ཚའོ་ཧུའན་བཅས་ཀྱིས་སྤྱི་ལོ་ 220-265 བར་ལོ་བཞི་བཅུ་ཞེ་དྲུག་བར་སྲིད་དབང་བཟུང་།  +
དུས་ཀྱི་མཐའ། ཆུ་སྲང་དྲུག་ཅུའི་ཚད་དང་ཡང་ན་དེང་སང་ཉིན་མཚན་གཅིག་ལ་ཆ་ཉི་ཤུ་རྩ་བཞི་ཕྱེ་བའི་ཆ་གཅིག་ལ་ཟེར།  +
དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས།  +
1. སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། 2. དེས་ཆོས་གསུངས་པ། 3. བསྟན་པ་གནས་པ། 4. བསྟན་པའི་རྗེས་སུ་འཇུག་པ། 5. ཆོས་ཀྱི་མཐུན་རྐྱེན་ཚང་བ།  +
སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ཤེས་བྱ་གཞི་ལྔའོ།  +
ཡང་ན་ཀ་ར། གླ་རྩི། གུར་ཀུམ། བུ་རམ། ཅུ་གང་ངོ་།  +
སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིགས་པའི་གཞུང་ཆེན་པོ་ལྔ་ནི། ཕར་ཕྱིན་དང་། དབུ་མ། ཚད་མ་རྣམ་འགྲེལ། འདུལ་བ། མཛོད་དེ་ལྔའོ།  +
ཉི་ཟླ་མ་གཏོགས་པའི་མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སྟེ་ལྔའོ།  +
སངས་རྒྱས་དགའ་ལྡན་ནས་འཕོ་བའི་གཟིགས་པ་ལྔ་ནི། 1. ཡུལ་ལ་གཟིགས་པ་འཛམ་བུ་གླིང་གི་དབུས་སེར་སྐྱའི་གྲོང་ཁྱེར། 2. རིགས་ལ་གཟིགས་པ་རྒྱལ་པོའི་རིགས། 3. བརྒྱུད་ལ་གཟིགས་པ་བུ་རམ་གྱི་ཤིང་པ་ཤཱཀྱའི་གདུང་རྒྱུད། 4. ཡུམ་ལ་གཟིགས་པ་སྔོན་སྨོན་ལམ་བཏབ་པའི་ཡུམ་ལྷ་མཛེས་མ། 5. དུས་ལ་གཟིགས་པ་སྙིགས་མ་ལྔ་བདོ་ཡི་དུས་སོ།  +
སྟོང་ཆེན་རབ་འཇོམས་མ་དང་། རྨ་བྱ་ཆེན་མོ། གསང་སྔགས་རྗེས་འཛིན་མ། བསིལ་བའི་ཚལ་ཆེན་མོ། སོ་སོར་འབྲང་མ་བཅས་ཀྱི་གཟུངས་སྔགས།  +
གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་རྣམས་སོ།  +
1. གཙུག་ཏོར་དཀར་མོ། 2. གཙུག་ཏོར་དྲི་མེད། 3. གཙུག་ཏོར་རྣམ་རྒྱལ། 4. གཙུག་ཏོར་འབར་མ། 5. གཙུག་ཏོར་ཕུར་བུའོ།  +
འབྲས་ཆེན། ཟན་དྲོན། སྣུམ་འཁུར་དང་། ཤ་དང་། ཉ་ཤ་བཟའ་བ་ལྔ།  +
ཨ་མདོ་དང་ཁམས་གཉིས།  +
རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་སྟེ། ལྔ་པོ་དེ་དག་གི་མིང་ལ་རིམ་བཞིན་དུ་ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། གཞུ་ལས་རྒྱལ་ཡང་ཟེར།  +
རྐང་ལག་བཞི་དང་མགོ་སྟེ་ལྔ།  +
བླ་མེད་ལས་འབྱུང་བའི་ཡུམ་གྱི་ཕྱག་རྒྱ་ལྔ་ནི། དབུ་རྒྱན་དང༌། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས་རྣམས་སོ།  +
རང་རང་གི་ཡུལ་ངེས་པར་འཛིན་པའི་འདུན་པ་དང་མོས་པ། དྲན་པ། ཏིང་འཛིན། ཤེས་རབ་སྟེ་ལྔ།  +
གཟུགས་དང་། སྒྲ། དྲི། རོ། རེག་བྱ་སྟེ་ལྔ།  +
ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང༌། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་ནན་ཏན་དུ་གྲུབ་པའི་ཡེ་ཤེས།  +
ཡེ་ཤེས་ལྔ་དང་དོན་གཅིག  +
མིག་རྣག རྣ་སྤབས། སྣ་བ། སོ་སྐྱག དྲི་ཆུ་ལྔའོ། ཟག་པ་ལྔ་ཡང་ཟེར།  +
སྒྲུང་གཏམ་གྱི་བཤད་སྲོལ་ལ་ཕྱིའི་སྐུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རང་བྱུང༌གཅིག་ནང་ཙན་དན་སྦྲུལ་སྙིང་གི་སྡོང་པོ་ལས་བྱུང་བའི་འཕགས་པའི་སྐུ་རང་བྱུང་གཅིག སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ། བལ་བཟའ་ཁྲི་བཙུན་ཏེ་གསུམ་ཐིམ་པ་བཅས་ལ་རང་བྱུང་ལྔ་ལྡན་ཞེས་གྲགས་ཤིང་རང་བྱོན་ལྔ་ལྡན་ཡང་ཟེར།  +
རང་བྱུང་ལྔ་ལྡན་དང་དོན་གཅིག  +
འཕགས་པ་ཀླུ་སྒྲུབ་དང་། སངས་རྒྱས་ཡེ་ཤེས་ཞབས་སོ་སོ་ནས་བརྒྱུད་པའི་གསང་བ་འདུས་པ།  +
མི་ཡིན་པ་དང་། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། ཆོས་ལ་དད་པ་སྟེ་ལྔ།  +
1. ཐའི་ཤན(ཐའི་ཧྲའན) 2. ནན་ཧེང༌། 3. ཧུ་ཝའི་ཤན(ཧྭ་ཧྲའན) 4. པེ་ཧེང་། 5. ཟུང་ཀུང (ཀྲུང་ཁྱུང་)།  +
ས་འཛིན་རྩེ་ལྔ་དང་དོན་གཅིག  +
སྐར་རྩིས་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་ཏེ་ལྔ་ཡིན་ནོ།  +
བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚད་མའམ་གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་ལྔའོ།  +
ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། དེ་བཞིན་བཤེགས་པའི་རིགས། མངོན་པའི་རིགས། རིགས་མེད་པ་བཅས་ལྔའོ།  +
ཡང་ན་མི་བསྐྱོད་པ་དང༌། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྣམ་སྣང་སྟེ་ལྔ།  +
1. བྱང་ཆུབ་མཆོག་གི་ཕྱག་རྒྱ། 2. ས་གནོན། 3. མཆོག་སྦྱིན། 4. མཉམ་བཞག 5. སྐྱབས་སྦྱིན་ནོ།  +
གསེར་དང༌། དངུལ། གཡུ། བྱུ་རུ། མུ་ཏིག་སྟེ་ལྔ་ལ་རིན་ཆེན་སྣ་ལྔ་ཟེར་སྲོལ་གཅིག་དང་། ཡང་གསེར་དངུལ་ཟངས་ལྕགས་གཤའ་ཚེ་སྟེ་ལྔ་ལའང་རིན་ཆེན་ལྔ་ཟེར།  +
གསང་འདུས་ཀྱི་ལམ་རིམ་པ་ལྔ་ནི། ངག་དབེན་དང་སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གོ  +
རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་གཉིས།  +
སྲོང་བཙན་སྒམ་པོས་བོད་ཡུལ་གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ། དེ་མིན་རྣམས་ཡན་ལག་གསུམ་པའི་རུ་སྟེ་རུ་ཆེན་ཁག་ལྔར་ཕྱེ་བ་དེ་དག་གི་སྤྱི་མིང་ཡིན་ཞིང་། སྔ་མ་གཉིས་ལ་བར་དབུས་གཙང་རུ་བཞིའང་ཟེར།  +
1. སྒ་སྐེག་ཤིང་། 2. སྒོ་ཇིང་མེ༑ 3. སྡོང་ཀུང་ས། 4. འབྲུ་ཤང་ལྕགས། 5. སྦྲ་འུ་ཆུའི་ཁམས་ལྔའོ།  +
རྒྱ་ནག་ཐང་རྒྱལ་རབས་འཐོར་པའི་རྗེས་སུ་རུས་མིང་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ་བྱུང་སྟེ། 1. ལེའང་རྗེས་མ 2. ཐང་རྗེས་མ། 3. ཅིན་རྗེས་མ། 4. ཧན་རྗེས་མ། 5. ཀྲུའོ་རྗེས་མ་བཅས་ཡིན། རྒྱལ་ཁབ་དེ་རྣམས་ཀྱང་བྱང་ཕྱོགས་ཀྲུང་ཡོན་ས་ཁུལ (དེང་སང་ཧོ་ནན་ཞིང་ཆེན་གྱི་ཁའེ་ཧྤུང་ལྟེ་བར་བྱས་པ)དུ་བྱུང་བ་ཡིན (སྤྱི་ལོ907-960བར)།  +
ཕྱི་ནང་གཉིས་ལས་སྨན་གཞུང་ལས་བཤད་པའི་ལུས་ཀྱི་རྩ་བའི་རླུང་སྲོག་འཛིན་དང༌། ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་དེ་ལྔ།  +
དམྱལ་བ་དང་། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་དང་ལྷ་མི་བཅས་ལྔ་ལ་ཟེར།  +
1. ཞེ་སྡང་གི་རྒྱུད་ལ་འགྲིམ་པ་དམྱལ་བ། 2. འདོད་ཆགས་ཀྱི་རྒྱུད་ལ་འགྲིམ་པ་ཡི་དྭགས། 3. གཏི་མུག་གི་རྒྱུད་ལ་འགྲིམ་པ་དུད་འགྲོ 4. ཕྲག་དོག་གི་རྒྱུད་ལ་འགྲིམ་པ་ལྷ་མ་ཡིན། 5. ང་རྒྱལ་ཤས་ཆེ་ལྷ་མིའོ།  +
ཡང་ན། 1. རྨི་ལམ་གྱི་ལམ། 2. བག་ཆགས་ཀྱི་ལམ། 3. ལས་ཀྱི་མཐའི་ལམ། 4. འཕྲུལ་འཁོར་མ་ངེས་ཀྱི་ལམ། 5, རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་མོ།  +
ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་སྟེ་ལྔ།  +
ལག་པ། རྐང་པ། ལྕེ། མཚན་མ། བཤང་ལམ།  +
ལུས་ཀྱི་ཡན་ལག་ལྔ་སྟེ་རྐང་ལག་བཞི་དང་མགོ  +
འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་དང་། ཐེག་བསྡུས་ཏེ་བསྟན་བཅོས་གཉིས།  +
གློ་བ་དང་། སྙིང་། མཁལ་མ། མཚེར་པ། མཆིན་པ་སྟེ་ལྔ་།  +
དཔྲལ་བ་དང༌། ལག་མཐིལ་གཉིས། པུས་མོ་གཉིས་ཏེ་ལྔ།  +
ཡང་སྤྱི་བོ་དང༌། མགྲིན་པ། སྙིང་ག ལྟེ་བ། གསང་གནས་སོ།  +
མིག་དང༌། རྣ་བ། སྣ། ལྕེ། ལུས་སམ་རེག་བྱ་སྟེ་ལྔའོ།  +
ལུས་ཀྱི་གནས་ལྔ་དང་དོན་གཅིག  +
ལུས་ཀྱི་ཆ་ཤས་ལྔ་དང་དོན་གཅིག  +
1. ནུར་ནུར་པོ། 2. མེར་མེར་པོ། 3. ནར་ནར་པོ། 4. གོར་གོར་པོ། 5. རྐང་ལག་འགྱུས་པ།  +
ཊ་ཋ་ཌ་ཎ་ཥ་ལྔ་ལ་སོགས་པ་ལ་ཟེར་ཞིང་། དེ་ཡང་ཏ་ཐ་ད་ན་ཤ་བཅས་ཀྱི་ཡིག་གཟུགས་ཕྱིར་ལྡོག་ནས་བྲི་དགོས་པར་བརྟེན། ཡིག་གཟུགས་ཀྱི་སྒོ་ནས་བཏགས་པ་ཡིན།  +
ལོག་འཚོ་ལྔ་དང་དོན་གཅིག  +
ཚུལ་འཆོས་ཏེ་མ་ཡིན་ཡིན་ཁུལ་བྱས་ནས་བྱུང་བ་དང་། ཁ་གསག་སྟེ་སྤྲེལ་ལད་བཤད་ནས་བྱུང་བ། གཞོགས་སློང་སྟེ་གོ་རྒྱུ་བཏང་ནས་ཡོང་ཐབས་བྱེད་པ། ཐོབ་ཀྱིས་འཇལ་བ་སྟེ་དབང་ཡོད་བཏང་ནས་འཕྲོག་པ། རྙེད་པས་རྙེད་པ་འཚོལ་བ་སྟེ་ཆུང་ཆུང་ཕར་སྤྲད་ནས་ཆེན་པོ་ཚུར་ཡོང་ཐབས་བྱེད་པ་བཅས་ལྔ།  +
དཔེ་གཉིས་སུ་དབྱེ་བ་ནི། ཆོས་མཐུན་པ་དང་ཆོས་མི་མཐུན་པ་གཉིས།  +
1. སྐུ་ངེས་པ། མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། 2. འཁོར་ངེས་པ། བྱང་སེམས་འཕགས་པ་ཤ་སྟག་གི་དབུས་སུ་བཞུགས་པ། 3. གནས་ངེས་པ། སངས་རྒྱས་ཀྱི་ཞིང་འོག་མིན་ཁོ་ནར་བཞུགས་པ། 4. ཆོས་ངེས་པ། ཐེག་པ་ཆེན་པོའི་ཆོས་ཁོ་ན་གསུངས་པ། 5. དུས་ངེས་པ། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་འགྲོ་དོན་མཛད་པ་བཅས་ལྔའོ། ལོངས་སྐུ་ངེས་པ་ལྔ་ལྡན་ཡང་ཟེར།  +
1. ཟ་འོག་འདིང་གི་ཅོད་པན་དང༌། 2. དར་གྱི་སྟོད་གཡོག་དང༌། 3. དར་སེར་པོའི་ཆོས་གོས་དང་། 4. དར་རྩེ་དགུའི་སྨད་དཀྲིས་དང་། 5. སྔགས་ཀྱི་ཕུ་དུང་སྟེ་ལྔའོ།  +
བ་གླང་གི་ཤ ཁྱིའི་ཤ རྟའི་ཤ གླང་པོ་ཆེའི་ཤ མིའི་ཤའོ།  +
ཡང་ན། གླང་ཆེན། རྨ་བྱ།༌ སེང་གེ གྱི་ལིང་། ཤང་ཤང་ངོ༌། དེའི་དོད་ལྔ་ནི། གཡག་ཞོལ་བོའི་འབྲས་བུ། བྱ་འང (རྒྱུད་སྡེ་ནས་རྟ་ཤ་རྒུན་འབྲུམ) ཁྱི་དཀར་པོ། རྟ་སྔོན་པོ། ཕ་ཝང་ངོ་།  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
མདོ་རྩ་ལས་ཤིང་བལ་ནི། ལྔ་སྟེ་ཤལ་མ་ལིའི་དང་། ཨ་སྐའི་དང་། ཀ་ཤིའི་དང༌། སྤྲ་བའི་དང༌། ཨེ་ར་ཀའི་འོ་ཞེས་པའོ།  +
རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནས་ཁྲི་གཙུག་ལྡེ་བཙན་བར་གྱི་གདུང་རབས་ལྔ་སྟེ་ཁྲི་ལྡེ་གཙུག་བརྟན་དང་། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་ནོ།  +
ག ད། བ། མ། འ་སྟེ་ལྔ།  +
ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའི་ནང་ཚན་ཤེས་པར་བྱ་བ་ལྔ་ནི། ཕུང་པོ་འབྱུང་བ་རྣམ་ཤེས་ལྔ་རྣམས་ཡབ་ལྔ་ཡུམ་ལྔར་གསལ་བར་ཤེས་པར་བྱ་བ་ལྔ།  +
ཤེས་བྱའི་གཞི་ལྔ་དང་དོན་གཅིག  +
མ་རིག་པ་སྤངས། རིག་པ་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ།  +
སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ཤེས་བྱ་གཞི་ལྔའོ།  +
དགོས་དོན། བསྡུས་དོན། ཚིག་དོན། མཚམས་སྦྱོར། བརྒལ་ལན་རྣམས་སོ།  +
ས་སྐྱ་འཁོན་རིགས་ཀྱི་བླ་མའི་ནང་ནས་སྙན་གྲགས་ཆེ་བ་རྣམ་པ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་བོ་དང་། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་བཅས་ལྔ།  +
ཐོགས་མེད་ཀྱིས་མཛད་པ་སྟེ། 1. 《སའི་དངོས་གཞི》 2. 《རྣམ་པར་གཏན་ལ་དབབ་པ་བསྡུ་བ》 3. 《གཞི་བསྡུ་བ》 4. 《རྣམ་གྲངས་བསྡུ་བ》 5. 《རྣམ་པར་བཤད་པའི་སྒོ་བསྡུ་བ》སྟེ་ལྔ།  +
ས་དཀར་སེར་དམར་ལྗང་སྔོ་བ།  +
རྣམ་འབྱེད་ལས་རྩ་བའི་ས་བོན་ཏེ་ཀུ་ཤུ་དང་ལི་སོགས་དང་། སྡོང་བོའི་ས་བོན་ཏེ་ལྗང་མ་དང་སྦྱར་བ་སོགས། ཐོག་གུའི་ས་བོན་ཏེ་ཁམ་བུ་སོགས། འགོས་པའི་ས་བོན་ཏེ་ཞོ་ཁོག་སོགས། ས་བོན་གྱི་ས་བོན་ཏེ་འབྲུ་དང་གྲོ་སོགས།  +
འདི་ལ་བོད་སྐད་ཡོངས་གྲགས་སུ་རི་བོ་རྩེ་ལྔ་དང་མིང་གཞན་རི་བོ་དྭངས་བསིལ་ཡང་ཟེར་ཞིང་། ནང་པའི་ཆོས་ལུགས་པ་རྣམས་ཀྱིས་འཇམ་དཔལ་དབྱངས་དངོས་སུ་བཞུགས་པའི་ཞིང་ཁམས་ཡིན་པར་ཁས་ལེན། རྒྱ་མཚོའི་ངོས་ལས་སྤྱི་ཁྲི་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དྲུག་གིས་མཐོ་ལ། རིའི་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་ཏེ། 1. དབུས་སུ་གསེར་གྱི་རི་བོ་སེང་གེ་འགྱིང་འདྲ། 2. ཤར་དུ་ཤེལ་གྱི་རི་བོ་གླང་ཆེན་འགྱིང་འདྲ། 3. ལྷོར་ཨ་ཀྲོའུ་རི་བོ་རྟ་མཆོག་ཉལ་འདྲ།། 4. ནུབ་ཏུ་པད་མ་རཱ་ཀའི་རི་བོ་རྨ་བྱ་གར་བྱེད་པ་འདྲ་བ། 5. བྱང་དུ་ཨིནྟ་ནི་ལའི་རི་བོ་ཤང་ཤང་བསྣོལ་བ་འདྲ། རྒྱས་པར་རི་བོ་རྩེ་ལྔའི་མཁན་པོ་དཔལ་ལྡན་གྲགས་པ་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ་སོག་པོ་ལོ་ཆེན་མགོན་པོ་སྐྱབས་བཅས་སོ་སོས་མཛད་པའི་དེའི་དཀར་ཆག་རྣམས་ནང་དུ་གསལ།  +
1. ཚུལ་ཁྲིམས་ཀྱི་ཕུང་པོ། 2. ཏིང་ངེ་འཛིན་གྱི་ཕུང་པོ། 3. ཤེས་རབ་ཀྱི་ཕུང་པོ། 4. རྣམ་པར་གྲོལ་བའི་ཕུང་པོ། 5. ཡེ་ཤེས་ཀྱི་ཕུང་པོའོ།  +
ནང་མཆོད་རཀྟའི་ཡན་ལག་སུམ་ཅུ་རྩ་ལྔའི་ནང་ཚན་ཞིག  +
དཀྱིལ་འཁོར་གྱི་སྐབས་སུ་སའི་རོ་ལྔ་ནི། 1. སྲོག་ཆགས་རོ་རུས་པ། 2. ཤིང་རོ་སོལ་བ། 3. ཆུའི་རོ་འདམ་པ། 4. སའི་རོ་ས་ལུད། 5. རྡོའི་རོ་གྱོ་དུམ་མོ།  +
ཆོས་ཉིད་ཇི་ལྟ་བ་མཁྱེན་པ་དང༌། ཆོས་ཅན་ཇི་སྙེད་པ་མཁྱེན་པའོ།  +
ཡང་ན་ས་རོ་བོང་བ། རྡོ་རོ་མཁར་གོང༌། འབྲུ་རོ་ཕུབ་མ། སྲོག་ཆགས་རོ་རུས་པ། མེའི་རོ་ཐལ་བ་ཡིན་པར་བཤད་དོ།  +
ཁ་ནང་ནས་ཆུ་སྐྱེ་བ། མཁྲིས་མཆིན་ཆ་སྙོགས་པར་བྱེད་པ། བད་ཀན་ཟིལ་གྱིས་གནོན་པ། ཁ་ནང་གི་དྲི་མ་སེལ་བར་བྱེད་པ། མིག་ལ་ཕན་པ་སྟེ་ལྔ།  +
བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩ་ལྔའི་ནང་ཚན་ཞིག  +
མཐེ་བོང༌། མཛུབ་མོ། གུང་མོ། སྲིན་ལག མཐེའུ་ཆུང་བཅས་ལྔའོ།  +
འདུལ་བ་ལས་བཤད་པའི་དགེ་ཚུལ་དགེ་སློང་གི་སྐབས་སུ་སློབ་དཔོན་ལྔ་ནི། 1. དགེ་ཚུལ་གྱི་སློབ་དཔོན། 2. དེ་བཞིན་གསང་སྟེ་སྟོན་པའི་སློབ་དཔོན། 3. ལས་བྱེད་པའི་སློབ་དཔོན། 4. གནས་སྦྱིན་པའི་སློབ་དཔོན། 5. ཀློག་པའི་སློབ་དཔོན།  +
རྐང་གླེང་ཐོད་རྔའི་རོལ་མོ། ཤ་ཆེན་གྱི་བཤོས། དྲི་ཆུའི་ཡོན་ཆབ། ཚིལ་ཆེན་གྱི་མར་མེ། གསུར་ཆེན་གྱི་བདུག་སྤོས།  +
སྔགས་ཀྱི་ལམ་རིམ་པ་ལྔ་དང་དོན་གཅིག  +
འབྲུག་སྒྲ་ལྟར་ཟབ་པ་དང༌། སྙན་ཞིང་འཇེབས་ལ་རྣ་བར་སྙན་པ་དང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང༌། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱེད་པ་དང་། མཉན་འོས་ཤིང་མི་མཐུན་པ་མེད་པའོ། ཞེས་རྣམ་བཤད་རིག་པ་ལས་བཤད་དོ།  +
1. མངོན་སུམ་གྱིས་བསལ་བ། 2. རྗེས་སུ་དཔག་པས་བསལ་བ། 3. ཡིད་ཆེས་པས་བསལ་བ། 4. འཇིག་རྟེན་པས་བསལ་བ། 5. རང་གི་ཚིག་གིས་བསལ་བ།  +
ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་སོ།  +
སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་གཙང་སྤྱོད། རྫུན་སྨྲ་བ། ཆང་འཐུང་བ།  +
ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁོངས་རྟའུ་དང༌། བྲག་མགོ ཏྲེ་བོ། དཀར་མཛེས། སྟོང་སྐོར་བཅས་ཀྱི་སྤྱི་མིང་།  +
ཧོར་ཁོག་ཁག་ལྔ་དང་དོན་གཅིག  +
ཤ་མི་ཟ་བ། འོ་མ་མི་འཐུང་བ། ལན་ཚྭ་མི་ཟ་བ། གོས་དྲས་ཤིང་དྲུབ་པ་མི་གྱོན་པ། དགོན་པར་མི་གནས་པའོ།  +
གཞལ་ཡས་ཁང་བསྐྱེད་པ་རྣམ་སྣང་གི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱོང་བ་འོད་དཔག་མེད་ཀྱི་ཡན་ལག བསྟོད་པ་རིན་འབྱུང་གི་ཡན་ལག མཆོད་པ་དོན་གྲུབ་ཀྱི་ཡན་ལག རྗེས་ཆགས་རྡོར་སེམས་ཀྱི་ཡན་ལག་གོ  +
《སྐྱེས་རབས་སོ་བཞི་བ་》དང་《ཆེད་དུ་བརྗོད་པའི་ཚོམས་》ནི་དད་པའི་གཞུང་། 《བསླབ་བཏུས་》དང་《སྤྱོད་འཇུག་》ནི་སྤྱོད་པའི་གཞུང་།《བྱང་ས་》དང་《མདོ་སྡེ་རྒྱན་》ནི་ཏིང་ངེ་འཛིན་གྱི་གཞུང་བཅས་ཏེ། སྐྱེས་ཚོམས་གཉིས། བསླབ་སྤྱོད་གཉིས། ས་རྒྱན་གཉིས་བཅས་གཞུང་དྲུག་དང་སྦྱར་ནས་སློབ་ཁྲིད་གནང་སྲོལ་ཡོད་པས་མིང་དེ་ལྟར་བཏགས་པ་ཡིན།  +
1. ལ་དོན་གྱི་ར་དང་རུ་གཉིས། 2. འབྲེལ་སྒྲའི་འི་དང་ཡི་གཉིས། 3. རྒྱན་སྡུད་ཀྱི་འང་དང་ཡང་གཉིས་བཅས་དྲུག་པོ་དེ་ཚིགས་བཅད་ཀྱི་རྐང་བར་ཁ་སྐོང་སྦྱར་དགོས་པ་དང་མི་དགོས་པའི་ཁྱད་པར་ཡོད་ལ། 4. སླར་བསྡུའི་ནང་ཚན་འོ་དང༌། 5. མིང་རྐྱང་གི་འུ། 6. འབྱེད་སྡུད་ཀྱི་འམ་ཞེས་པ་རྣམས་ཀྱི་གོང་དུ་ཚེག་མེད་པ་དང་ཡོད་པའི་ཁྱད་པར་འབྱེད་དགོས་པའང་དེ་བཞིན་དུ་སྦྱར་དགོས་སོ།  +
ཚིགས་བཅད་གཅིག་གི་ཚིག་རྐང་བཞི་ཀའི་ནང་གི་ཚིག་རྐང་གཉིས་ལ་ཡོད་པའི་ཟུང་ལྡན་རྣམ་གྲངས་དྲུག་ནི། 1. དང་པོ་གཉིས་ཀྱི་ཐོག་མར་ཡོད་པའི་ཟུང་ལྡན་དང་། 2. དང་པོ་དང་གསུམ་པའི་ཐོག་མར་ཡོད་པའི་ཟུང་ལྡན། 3. དང་པོ་དང་བཞི་བའི་ཐོག་མར་ཡོད་པའི་ཟུང་ལྡན། 4. གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པའི་ཟུང་ལྡན། 5. གཉིས་པ་དང་བཞི་བའི་ཐོག་མར་ཡོད་པའི་ཟུང་ལྡན། 6. གསུམ་པ་དང་བཞི་བའི་ཐོག་མར་ཡོད་པའི་ཟུང་ལྡན་བཅས་དྲུག་གོ  +
དབང་ཕྱུག་ཕུན་སུམ་ཚོགས་པ། གཟུགས་ཕུན་སུམ་ཚོགས་པ། དཔལ་ཕུན་སུམ་ཚོགས་པ། གྲགས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པའོ།  +
ནང་གི་སྐྱེ་མཆེད་དྲུག་གམ་ཕྱིའི་སྐྱེ་མཆེད་དྲུག་གང་རུང་ཞིག  +
རྟག་པར་ལྟ་བ་གྲངས་ཅན་པ། ཆད་པར་ལྟ་བ་རྒྱང་འཕེན་པའོ།  +
སའི་ཁམས། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས། ནམ་མཁའི་ཁམས། རྣམ་པར་ཤེས་པའི་ཁམས་སོ།  +
འཆར་ཀ་དང་འདུན་པ་གཉིས། དགའ་བོ་དང་ཉེར་དགའ་གཉིས། འགྲོ་བཟང་དང་བློ་འགྲོགས་གཉིས་ཏེ་དྲུག་ནི། སངས་རྒྱས་པའི་མཐུན་ཕྱོགས་གཙོ་འཁོར་སྟོན་པའི་ཉན་ཐོས་སྡེ་དྲུག་གོ ཡང་ལུགས་གཅིག་ལ། དགའ་བོ། ཉེར་དགའ་བོ། ནབས་སོ། འདུན་པ། འགྲོ་མགྱོགས། འཆར་ཀ་དྲུག་གོ  +
བྱ་ཁྱུང་དང་། ཀླུ་མོ། ཆུ་སྲིན། བུ་ཆུང༌། ཀྲིཥ་ཎ་སཱ་ར། གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་བྱང་སེམས་ཀྱི་ཁྲིའི་རྒྱབ་ཡོལ།  +
སེང་གེ་དང་། གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང༌། གྱད་ཀྱི་མི་རྣམས་སོ།  +
མི་སྲོག་མི་གཅོད་པ། གཞན་ནོར་མི་རྐུ་བ། རྫུན་མི་ཤོད་པ། ལོག་གཡེམ་མི་སྤྱོད་པ། ཆང་མི་འཐུང་བ་སྟེ་གཏན་ཁྲིམས་ལྔ་དང་། ཁེང་མི་ལྡོག་པ་བཅས་སྔར་བོད་རྗེ་སྲོང་བཙན་སྒམ་པོས་བཅས་པའི་ཁྲིམས་ཆེན་དྲུག་ཅེས་གྲགས།  +
1. འདོད་ཆགས། 2. ཁོང་ཁྲོ། 3. ང་རྒྱལ། 4. མ་རིག་པ། 5. ལྟ་བ་ཉོན་མོངས་ཅན། 6. ཐེ་ཚོམ་ཉོན་མོངས་ཅན།  +
རྡོ་རྗེ་སེམས་དཔའ་དང༌། རྣམ་སྣང་། པད་མ་གར་དབང་། ཧེ་རུ་ཀ་ནག་པོ། རྡོ་རྗེ་ཉི་མ། རྟ་མཆོག་སྟེ་དྲུག  +
རྡོ་རྗེ་ཕག་མོ་དང༌། གཤིན་རྗེ་མ། རྨོངས་བྱེད་མ། སྐྱོང་བྱེད་མ། སྐྲག་བྱེད་མ། ཙཎྜི་ཀ་སྟེ་དྲུག  +
བོན་གྱི་བླ་མ་དྲུག  +
1. ཐང་ཕྲོམ་ནག་པོའི་འབྲས་བུ་སྲང་དོ། 2. ཐང་ཕྲོམ་དཀར་པོའི་འབྲས་བུ་སྲང་དོ། 3. ལང་ཐང་ཙེའི་འབྲས་བུ་སྲང་དོ། 4. སྒོག་སྐྱ་སྲང་དོ། 5. དྭ་བའི་རྩ་པ་སྲང་དོ། 6. གླ་རྩི་དྲི་ཐོན་ཞོ་གསུམ།  +
དུས་ཀྱི་མཐའ་སྟེ། སྐྱེས་བུ་དར་མའི་དབུགས་ཁུག་པ་དྲུག་གི་ཚད། སྔར་གྱི་ལུགས་ལ་ཆུ་ཚོད་དང་ཆུ་སྲང་གི་སྐོར་གཞན་དུ་ཤེས།  +
ཉི་མ་ལ་དབྱར་ཉི་ལྡོག་ནས་བཟུང་ཉི་མའི་རྒྱུག་ལམ་བྱང་ཕྱོགས་དང༌། དགུན་ཉི་ལྡོག་ནས་བཟུང་ཉི་མའི་རྒྱུག་ལམ་ལྷོ་ཕྱོགས་ཀྱི་བགྲོད་པ་གཉིས་ཡོད་པ་ལ་ཟེར།  +
1. སྐད་མཐོ་བ་ནས་དམའ་བར་འགྱུར་བའི་འགྱུར་བ་དང་། 2. སྐད་གདངས་མཐོ་དམའི་བར་གྱི་ཁུག་པ། 3. སྐད་གདངས་མཐོ་བར་འདེགས་པ་དང་། 4. སྐད་གདངས་དམའ་བར་འཇོག་པ། 5. སྐད་གདངས་བརྗིད་ཅིང་སྦོམ་པ་དང་། 6. སྐད་གདངས་གྲིམས་ཤིང་ཕྲ་བ་སྟེ་དྲུག  +
1. སྣམ་སྦྱར། 2. བླ་གོས། 3. མཐང་གོས། 4. གདིང་བ། 5. ལྷུང་བཟེད། 6. ཆུ་ཚགས་སོ།  +
ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ། འཆི་བར་སེམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ། རྗེས་སུ་བསྲུང་བའི་ཆོས་ཅན་གྱི་དགྲ་བཅོམ་པ། གནས་པ་ལས་མི་བསྐྱོད་པའི་དགྲ་བཅོམ་པ། རྟོགས་པའི་སྐལ་བ་ཅན་གྱི་དགྲ་བཅོམ་པ། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་རྣམས་སོ།  +
སྙན་ངག་གི་སྐྱོན་བཅུའི་ནང་གསེས་བཅུ་བ་ཡུལ་དུས་སེམས་དང་འགལ་བའི་སྐྱོན་དྲུག་ནི། 1. ཡུལ་དང་འགལ་བའི་སྐྱོན། 2. དུས་དང་འགལ་བའི་སྐྱོན། 3. སྒྱུ་རྩལ་དང་འགལ་བའི་སྐྱོན། 4. འཇིག་རྟེན་དང་འགལ་བའི་སྐྱོན། 5. ལུང་དང་འགལ་བའི་སྐྱོན། 6. རིགས་པ་དང་འགལ་བའི་སྐྱོན།  +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ཉེར་བདུན་པ་འགལ་བའི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོའི་ཁྱད་པར་དང་། རྫས། བྱ་བ་སོགས་འགལ་ཆོས་རྣམས་ཕན་ཚུན་མི་མཐུན་པ་བསྒྲུབ་པའི་ཆེད་དུ་ལྷན་ཅིག་འགྲོགས་པར་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་དྲུག་ནི། 1. གཞི་ཐ་དད་པའི་བྱ་བ་འགལ་བ། 2. གཞི་གཅིག་གི་ཡོན་ཏན་འགལ་བ། 3. གཞི་གཅིག་གི་རྫས་ཆོས་དུ་མ་འགལ་བ། 4. གཞི་གཅིག་གི་རྫས་དང་ལས་འགལ་བ། 5. གཞི་གཅིག་གི་ལས་འགལ་བ། 6. སྦྱར་བའི་འགལ་བ་བཅས་སོ།  +
སྤྱི་དོན་ལེགས་བཤད་ལས། འགྲེལ་པ་དྲུག་ཏུ་ངེས་པར་གསུངས་པ་ནི། 1. ཚིག་འགྲེལ། 2. དོན་འགྲེལ། 3. འབྱེད་འགྲེལ། 4. རྒྱ་ཆེར་འགྲེལ། 5. བཀའ་འགྲེལ། 5. སྒྲུང་འགྲེལ་དྲུག་གོ། ཡང་ན་ལུང་གི་དགོངས་པ་བུང་བ་རྩི་ཚོལ་བ་ལྟ་བུའི་ང་རོ་བཀའ་འགྲེལ་དང་། འབུ་སྲིན་ནུས་འགྲེལ་ལྟ་བུའི་ངེས་ཚིག་འབྲུ་འགྲེལ་དང་། རྒྱུད་ལས་བསྡུས། གདམས་པ་ལས་བསྡུས་ཁྲིགས་སུ་བསྡེབས་ནས་བཤད་ན། དབྱེ་ན་དོན་འགྲེལ་དང་། ལུང་རིགས་ཀྱིས་བདག་རིག་བསྒྲུབས་ནས་གཞན་རིག་དགག་པ། སེང་གེའི་ངར་སྐད་ལྟ་བུའི་གྲུབ་མཐའ་གསང་འགྲེལ་དུ་བཤད་པའང་གསུངས་སོ།  +
ལྷ་དང་མི། ལྷ་མ་ཡིན་གསུམ་ནི་བདེ་འགྲོ། དམྱལ་བ་དང་ཡི་དྭགས། དུད་འགྲོ་གསུམ་ནི་ངན་འགྲོ་དང་བཅས་ཏེ་དྲུག  +
(1) གསང་སྔགས་ནང་པ་ལ། འཁོར་ལོ་རྣ་ཆ་མགུལ་རྒྱན་གདུ་བུ་དང༌། མཆོད་ཕྱིར་ཐོགས་དང་ཐལ་ཆེན་གྱི་ཚོམ་བུ། རིམ་བཞིན་བརྩོན་འགྲུས་བཟོད་ཚུལ་ཁྲིམས་སྦྱིན་པ། བསམ་གཏན་ཤེས་རབ་དག་ཏུ་གསུངས་ཞེས་སོ། སྔགས་ཕྱི་པ་ལྟར་ན། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། སེ་མོ་དོ།  +
ཀླུ་སྒྲུབ་དང་། ཐོགས་མེད། ཨཱ་རྱ་དེ་བ། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་དྲུག ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་གཉིས་ལ་མཆོག་གཉིས་ཟེར། (page 339.3)  +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅུ་བཞི་བ་ཕྲ་མོའི་རྒྱན་ནི་བསམ་བློ་སྔོན་བཏང་གི་སྒོ་ནས་གོ་བྱའི་དོན་བརྡ་ཐབས་ཟུར་གྱིས་ཐོན་པ་དང་། བསམ་བློ་སྔོན་བཏང་མེད་པར་འཕྲལ་ལ་ལུས་ཀྱི་རྣམ་འགྱུར་གསར་པ་ཞིག་ངང་གིས་གསལ་་བའི་སྒོ་ནས་ནང་སེམས་ཀྱི་འཆར་སྒོ་མཚོན་པའི་ཕྲ་ཞིང་རྟོགས་དཀའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་གཉིས་ནི་ཟུར་གྱི་ཕྲ་མོ་དང་། རྣམ་པའི་ཕྲ་མོའོ།  +
རུས་པའི་དབུ་རྒྱན། མགུལ་རྒྱན། སྙན་རྒྱན། གདུ་བུ། སེ་རལ་ཁ། འོག་པག་སྟེ་དྲུག  +
རྣམ་སྣང་དང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་རྣམས་སོ།  +
མཁས་པའི་རྣ་རྒྱན་ལས། གནས་དང་། བསྡུམས་དང་། འཐབ་པ་དང་། ཆས་དང་ནོར་གཏོང་ཞེན་བརྟེན་པ། འདི་དག་ནི་རྒྱལ་པོ་དང་བློན་པོ་ལ་དགོས་པའི་ཡོན་ཏན་དྲུག་གོ  +
སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་གོ  +
བྱེད་རྒྱུ། ལྷན་ཅིག་བྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་དང་དྲུག  +
1. བྱ་བའི་རྒྱུད་ཀྲི་ཡ། 2. སྤྱོད་པའི་རྒྱུད་ཨུ་པ། 3. རྣལ་འབྱོར་རྒྱུད་ཡོ་ག་སྟེ་སྔགས་ཕྱི་པ་རྒྱུད་གསུམ། 4. ཕ་རྒྱུད་རྣལ་འབྱོར་ཆེན་པོ་ (མ་ཧཱ་ཡོ་ག་)5. མ་རྒྱུད་རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག 6. གཉིས་མེད་རྒྱུད་ཨ་ཏི་ཡོ་ག་སྟེ་གསང་སྔགས་ནང་རྒྱུད་གསུམ་དང་རྒྱུད་སྡེ་དྲུག་གོ གསར་མ་བ་དག་མདོ་སྡེ་རྟོག་པའི་རྒྱུད། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་དང་དྲུག་སྟེ་བདེ་མཆོག་བསྡུས་རྒྱུད་ནས་བཤད་དོ།  +
སྨད་མདོ་ཁམས་སྒང་དྲུག་དང་དོནགཅིག  +
རུས་པ། རྐང༌། ཁུ་བ། ཤ ཁྲག། པགས་པའོ།  +
མངོན་ཤེས་དྲུག་དང་དོན་གཅིག  +
ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་གཞན་སེམས་ཤེས་པའི་དང་། སྔོན་གནས་རྗེས་དྲན་པའི་དང་། རྫུ་འཕྲུལ་གྱི་དང་། ཟག་པ་མེད་པའི་མངོན་ཤེས་དང་དྲུག  +
ཁོག་མ་དང་གཟར་བུ་གཉིས།  +
མིང་གཞིའི་ཕོ་ཡིག་ཀ་པ་གཉིས་དང་། མོ་ཡིག་ག་བ་གཉིས་བཅས་བཞི་ལ་རྐྱང་འདོགས་གཉིས་ཀའི་ཐོག་ནས་འཇུག་ཅིང་། མོ་ཡིག་ང་མ་གཉིས་ལ་རྐྱང་པ་ཁོ་ནའི་སྒོ་ནས་འཇུག་པའོ།  +
མ་ཞུ་བའི་ནད་དང་། སྐྲན། སྐུ་རྦབ། འོལ་ནད། དམུ་ཆུ། གཅོང་ཆེན་ཟད་བྱེད་དེ་དྲུག  +
རང་ལ་ནད་པ་ལྟ་བུའི་འདུ་ཤེས། ཆོས་ལ་སྨན་ལྟ་བུའི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་ལྟ་བུའི་འདུ་ཤེས། ནན་ཏན་ཉམས་སུ་བླངས་པ་ལ་ནད་འཚོ་བའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་རྣམས་སོ།  +
བག་ཆུང་བཅུ་དྲུག་གམ། བག་ཆེན་བཞི་ཡོད་པའི་སྨྱུག་མའི་ནང་གི་ཇ་རིང༌།  +
ཕྱོགས་བཞི་སྟེང་འོག་དང་དྲུག་གོ  +
མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་གྱི་ནང་ཚན་ཞིག་སྟེ། 1. བྲམ་ཟེ་རྒྱུ་རྒྱལ། 2. བྲམ་ཟེ་བཟང་ལྡན། 3. བྲམ་ཟེ་གཞལ་འདེགས། 4. བྲམ་ཟེ་ཚངས་པའི་ཚེ། 5. བྲམ་ཟེ་པདྨའི་སྙིང་པོ། 6. བྲམ་ཟེ་དམར་པོ་སྟེ་དྲུག་གོ  +
1. སངས་རྒྱས་རྗེས་སུ་དྲན་པ། 2. ཆོས་རྗེས་སུ་དྲན་པ། 3. དགེ་འདུན་རྗེས་སུ་དྲན་པ། 4. ཚུལ་ཁྲིམས་རྗེས་སུ་དྲན་པ། 5. སྦྱིན་པ་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ་བཅས་དྲུག་གོ  +
ནམ་ལངས་ཡོས་དང༌། ཉི་ཤར་འབྲུག ཉི་དྲོས་སྦྲུལ། ཉི་ཕྱེད་རྟ། ཉི་ཕྱེད་ཡོལ་ལུག ཉི་མྱུར་སྤྲེལ།  +
ཉིན་མོའི་ཐུན་གསུམ་དང་མཚན་མོའི་ཐུན་གསུམ་སྟེ་དྲུག  +
སྔ་དྲོ། ཉིན་གུང༌། ཕྱི་དྲོ། སྲོད། ནམ་གུང་། ཐོ་རངས་ཏེ་དྲུག་གོ  +
ཡི་གེའི་སྔོན་རྗེས་གཉིས།  +
ཉིན་མོ་ལན་གསུམ་དང་། མཚན་མོ་ལན་གསུམ་སྟེ་དྲུག  +
འདོད་ཚགས་དང་། ཞེ་སྡང༌། གཏི་མུག ང་རྒྱལ། ཐེ་ཚོམ། ལོག་ལྟ།  +
མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་གྱི་ནང་ཚན་ཞིག་སྟེ། 1. བདེ་བྱེད་ཀྱི་བུ་ལྷག་སྤྱོད། 2. སྒྱུ་རྩལ་ཤེལ་གྱི་བུ་རིང་འཕུར། 3. ཀུན་ཏུ་རྒྱུ་རབ་བཟང་། 4. བྲམ་ཟེའི་ཁྱེའུ་ཀུན་རྒྱལ། 5. སྟེང་རྒྱལ་འོད་སྲུང་རལ་པ་ཅན། 6. དྲང་སྲོང་ཉོན་མོངས་མེད་དང་དྲུག་གོ  +
མིག་གི་དབང་པོ་དང་། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ་བཅས་དྲུག  +
རྟེན་གྱི་དབང་པོའི་ཁམས་དྲུག་དང་དོན་གཅིག  +
མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་གྱི་ནང་ཚན་ཞིག་སྟེ། 1. ཀུན་ཏུ་རྒྱུ། 2. གནག་ལྷས་ཀྱི་བུ། 3. སྨྲ་འདོད་ཀྱི་བུ། 4. ཡང་དག་རྒྱལ་བ་ཅན། 5. མི་ཕམ་སྐྲ་ཡི་རལ་བ་ཅན། 6. གཅེར་བུ་པ་གཉན་གྱི་བུ་སྟེ་དྲུག་གོ  +
མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་ཏེ་དྲུག  +
དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བྲལ་གྱི་བསྟན་བཅོས། ཐོས་པ་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ལྷུར་ལེན་བའི་བསྟན་བཅོས་རྣམས་སོ།  +
ཐོས་བསམ་འཆད་ཉན་བཤད་སྒྲུབ་དྲུག  +
འདི་ཆོས་ཀྱི་བཤད་སྲོལ་ལ་འཛམ་གླིང་ལ་ས་དུམ་བུ་བཅུ་གཉིས་ཡོད་པའི་འཛམ་གླིང་ཆེན་པོ་དང་། འཛམ་གླིང་ཆེན་པོའི་ས་དུམ་བུ་དཀྱིལ་མ་ལ་ནང་གསེས་དུམ་བུ་དྲུག་སྟེ། རྒྱ་གར། ། བོད། ལི་ཡུལ། རྒྱ་ནག རྒྱ་ནག་ཆེན་པོ་སྟེ་སོག་པོ། ཤམ་བ་ལ་བཅས་ཡོད་པ་ལས། བོད་ཀྱི་དབུས་གླིང་དུམ་བུ་དྲུག་གི་ནང་ཚན་ཡིན་ཟེར་སྲོལ།  +
འཆི་ཁའི་མཚམས་སྦྱོར་བཟང་ངན་དང༌། དཀར་ནག་ལས་ཀྱི་བྱེ་བྲག་གོ  +
སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ནོ།  +
ཟླ་བ་དང༌། འོད་དཀར་དང༌། རབ་མཆོག་ཀུ་ཤ་དང༌། མིའམ་ཅི་དང༌། ཁྲུང་ཁྲུང་དང༌། དྲག་པོའི་གླིང་རྣམས་སོ།  +
དཔྱིད། སོ་ཀ དབྱར། སྟོན། དགུན་སྟོད། དགུན་སྨད་རྣམས་སོ།  +
དུས་དྲུག་དང་དོན་གཅིག  +
1. བྱ་ཚིག་ལ་མ་ནིང་ག་ད་གཉིས་གང་རུང་གིས་འཕུལ་ཡོད་ཅིང་། 2. བྱེད་ཚིག་ལ་མོ་འ་ཡིག་གིས་འཕུལ་ཡོད་པ། 3. མིང་གཞི་པ་སྟེ་ལས་གཞན་ཡིན་པ། 4. འདས་ཚིག་ལ་བས་འཕུལ་ཡོད་པ། 5. དུས་གསུམ་གྱི་ཚིག་རྣམས་སྒྲ་གདངས་སོ་སོར་འགྱུར་ཞིང༌། 6. མགོ་ཅན་གསུམ་གང་ཡང་མིན་པ་བཅས་ཁྱད་ཆོས་དྲུག་ལྡན་པའི་དུས་གསུམ་ནི། དུས་གསུམ་སྤྱི་ཙམ་པའམ་དུས་གསུམ་སྤྱིར་བཏང་པའོ།  +
1. རྣམ་སྣང་། 2. མི་བསྐྱོད། 3. རིན་འབྱུང་། 4. འོད་དཔག་མེད། 5. དོན་ཡོད་གྲུབ་པ། 6. རྡོ་རྗེ་སེམས་དཔའ་དྲུག་ཏུ་གསར་མ་པ་དག་བཞེད་དོ།  +
སངས་རྒྱས་དང་། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་སྟེ་དྲུག་པོ་རྗེས་སུ་དྲན་པ།  +
དྲི་ཆེན། དྲི་ཆུ། མིག་སྐྱག རྣ་སྤབ། མཆིལ་མ། སྣབས་རྣམས་སོ།  +
སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས། དགའ་པོ། ཉེ་དགའ་པོ། འགྲོ་མགྱོགས། ནབས་སོ། འདུན་པ། འཆར་ཀ་སྟེ་དྲུག་སྡེའི་མིང་གི་སྐང་དོད་རིམ་བཞིན ནནྡ༔ ཨུ་པ་ནནྡ༔ ཨ་ཤྭ་ར༔ ཕུ་ན་དྷ་པུ། ཙྪནྡ། ཨུ་དཱ་ཡཱི༔  +
ན་རོ་མེད་པའི་པ་བ་མ་གསུམ་དང་། ན་རོ་ཡོད་པའི་པོ་བོ་མོ་གསུམ་བཅས་དྲུག ཅན་དང་ལྡན་གཉིས་ཡོད་པའི་དོན་ཡིན་པས་བདག་སྒྲའི་ཁུངས་སུ་མིན།  +
སྔར་བོད་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེ་རུ་དང་། སོ་གཅིག་པ་སྟག་རི་གཉན་གཟིགས་གཉིས།  +
སྨད་མདོ་ཁམས་སྒང་དྲུག་དང་དོན་གཅིག  +
གལ་ཆེ་བའི་སྙིང་དོན་གྱི་གནད་འགག་དྲུག་ཡོད་ཟེར། སྐྱིད་ན་མི་དགའ་སྡུག་ན་དགའ་བ་དང་གཅིག བསྟོད་ན་མི་དགའ་སྨད་ན་དགའ་བ་དང་གཉིས། མཐོ་ན་མི་དགའ་དམའ་ན་དགའ་བ་དང་གསུམ། འབྱོར་ན་མི་དགའ་རྒུད་ན་དགའ་བ་དང་བཞི། བྱིན་ན་མི་དགའ་འཕྲོགས་ན་དགའ་བ་དང་ལྔ། གཉེན་ལ་མི་དགའ་དགྲ་ལ་དགའ་བ་དང་དྲུག  +
སངས་རྒྱས་ཐལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་བ་ཆེན་པོའི་མདོ (ཕལ་པོ་ཆེའང་ཟེར།) འཕགས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ། ལང་ཀར་གཤེགས་པའི་མདོ། རྒྱན་སྟུག་པོ་བཀོད་པ་སོགས་སོ།  +
མཚན་བཅས་ཀྱི་འདུ་ཤེས། མཚན་མེད་ཀྱི་འདུ་ཤེས། རྒྱ་ཆུང་བའི་འདུ་ཤེས། རྒྱ་ཆེ་བའི་འདུ་ཤེས། ཚད་མེད་པའི་འདུ་ཤེས། ཅི་ཡང་མེད་པའི་འདུ་ཤེས་རྣམས་སོ།  +
འདོད་ལྷ་རིགས་དྲུག་དང་དོན་གཅིག  +
འདོད་ལྷ་རིགས་དྲུག་དང་དོན་གཅིག  +
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ 《མངོན་པ་མཛོད་》ནས་བཤད་ཚུལ་ལ་ཁམས་གསུམ་གྱི་ནང་ནས་འདོད་ཁམས་ལ་འགྲོ་བ་རིགས་དྲུག་དང་དེའི་ནང་གསེས་ལྷ་ལ་འདོད་ལྷ་རིགས་དྲུག་ཏུ་ཕྱེ་བ་ནི་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་དྲུག  +
ངེས་པ་མེད་པའི་སྡུག་བསྔལ། ངོམས་པ་མེད་པའི་སྡུག་བསྔལ། ལུས་ཡང་ཡང་འདོར་བའི་སྡུག་བསྔལ། ཡང་ཡང་ཉིང་མཚམས་སྦྱོར་བའི་སྡུག་བསྔལ། ཡང་ཡང་མཐོ་དམན་དུ་གྱུར་བའི་སྡུག་བསྔལ། གྲོགས་མེད་པའི་སྡུག་བསྔལ་ཏེ་འཁོར་བའི་ཉེས་དམིགས་དྲུག  +
རྒྱ་གར་གྱི་པཎ་ཆེན་ནཱ་རོ་ཏ་པ་ནས་བརྒྱུད་པའི་གདམས་པ་ནཱ་རོ་ཆོས་དྲུག་ནི། རྩ་བ་གསུམ་དང་ཡན་ལག་གསུམ་སྟེ་དྲུག དང་པོ་རྩ་བ་གསུམ་ནི། 1. མ་རྒྱུད་ཀྱེ་རྡོར་དང༌། བདེ་མཆོག་ལས་བཤད་པའི་གཏུམ་མོ། 2. ཕ་རྒྱུད་གསང་བ་འདུས་པ་ལས་བཤད་པའི་སྒྱུ་ལུས། 3. དེ་ལས་བཤད་པའི་འོད་གསལ་བཅས་དང་། གཉིས་པ་ཡན་ལག་གསུམ་ནི། 1. མ་རྒྱུད་གདན་བཞི་ལས་བཤད་པའི་འཕོ་བ། 2. དེ་ལས་བཤད་པའི་གྲོང་འཇུག 3. བར་དོའི་གདམས་ངག་བཅས་ཡིན་པས། དེ་རྣམས་ལ་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་མིང་འདོགས་སྟངས་འདི་ལྟར་མཛད་དེ། 1. གཏུམ་མོ་བདེ་དྲོད་རང་འབར། 2. སྒྱུ་ལུས་ཆགས་སྡང་རང་གྲོལ། 3. རྨི་ལམ་ཉིང་འཁྲུལ་རང་དག 4. འོད་གསལ་གཏི་མུག་རང་སངས། 5. འཕོ་བ་མ་བསྒོམས་སངས་རྒྱས། 6. བར་དོ་རྒྱལ་བ་ལོངས་སྐུ་བཅས་དྲུག་ཡིན་གསུང་སྲོལ་འདུག ཆོས་དྲུག་འདྲེན་ལུགས་ཡང་གཅིག་ནི་གཏུམ་མོ་དང༌། འོད་གསལ། སྒྱུ་ལུས། ཟུང་འཇུག འཕོ་བ། གྲོང་འཇུག་སྟེ་དྲུག་གོ  +
མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་དེ་དྲུག  +
སྔར་བསྒོམ་པའི་དྲན་པའི་འོད་གསལ་མ་ལྟ་བུ་དང་། བར་དོའི་འོད་གསལ་བུ་ལྟ་བུ་གཉིས་སོ། ཡང་རྙིང་མའི་གཞུང་ལ་ལར། ད་ལྟའི་རིག་པ་གཞི་ཀ་དག་གི་འོད་གསལ་མ་ལྟ་བུའི་ཁྲེག་ཆོད་ཀྱི་རྟོག་པ་དང༌། གཞི་ལྷུན་གྲུབ་སྣང་བ་བཞིའི་ཡེ་ཤེས་བུ་ལྟ་བུའི་ཐོད་བརྒལ་གྱི་རྟོག་པ་གཉིས་ཆོས་ཉིད་བར་དོར་མ་བུ་འདྲེས་ཏེ་གཉིས་སུ་མེད་དོ།  +
དྲི་ཆེན། དྲི་ཆུ། མིག་རྣག རྣ་སྤབས། སྣབས། མཆིལ་མ།  +
གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་རྣམས་སོ།  +
མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་དང་དྲུག  +
1. སྤྲུ་ནག་རྒྱ་མ་གང་། 2. མཁན་སྐྱ་རྒྱ་མ་གང་། 3. མགྲོན་ཐལ་སྲང་གསུམ། 4. ཟ་འོག་ཐལ་སྲང་གསུམ། 5. ཀུར་གུམ་སྲང་གསུམ། 6. དོམ་མཁྲིས་ཞོ་གང་།  +
ཕོ་བ། རྒྱུ་མ། ལོང་ཀ མཁྲིས་པ། སྒང་པ། བསམ་སེའུ་སྟེ་དྲུག  +
1. རྒྱན་པོ་འགྱེད། 2. འདུས་ལ་ལྟ་བ། 3. ལེ་ལོ། 4 སྡིག་པའི་གྲོགས་ལ་བསྟེན་པ། 5. ཆང་འཐུང་བ། 6. མཚན་མོ་རྒྱུ་བ།  +
རྒྱ་གར་སྐད་དུ་པཱར་མིཏཥཊ། བོད་སྐད་དུ་ཕར་ཕྱིན་དྲུག དེ་ལ་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དྲུག  +
སེར་སྣ། ཚུལ་འཆལ། ཞེ་སྡང་། ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སོ།  +
1. སྦྱིན་པ། ལུས་དང་ལོངས་སྤྱོད་སོགས་ལ་ཆགས་ཞེན་མེད་པའི་སྒོ་ནས་གཞན་ལ་སྙིང་ཐག་པ་ནས་སྦྱིན་པའི་བསམ་པའི་དགེ་བ། 2. ཚུལ་ཁྲིམས། མི་དགེ་བ་བཅུ་སྣ་རེ་ཙམ་སྤང་བ་ལས་ཉེས་སྤྱོད་སྡིག་པ་དང་ལྟུང་བ་སྣེ་གཅིག་གིས་ཀྱང་མ་གོས་པར་བསྲུང་བའི་དགེ་བ། 3. བཟོད་པ། སྡུག་བསྔལ་དང་། དཀའ་སྤྱད། གཞན་གྱིས་གནོད་པ་བྱས་པ་སོགས་ལ་མི་བཟོད་པ་གཏན་ནས་མེད་པ་དང་དུ་ལེན་ཐུབ་པའི་བསམ་པ་བཅོས་མིན་ཞིག 4. བརྩོན་འགྲུས། ཞུམ་པའི་ལེ་ལོ་དང་སྒྱིད་ལུག་པའི་ལེ་ལོ། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་གསུམ་སྤངས་པའི་འབད་རྩོལ་རྒྱུན་མ་ཆད་པར་བསྟེན་པའི་སྤྲོ་བ། 5. བསམ་གཏན། རང་གི་དམིགས་བྱའི་ཡུལ་གཅིག་ལ་དྲན་ཤེས་བརྟན་པོའི་སྒོ་ནས་མ་ཡེངས་པར་བཟུང་བའི་སེམས་གསལ་ཞིང་དྭངས་པ་ཞིག 6. ཤེས་རབ། བླང་དོར་གྱི་གནད་ཀུན་མ་འདྲེས་པར་སོ་སོར་འབྱེད་ཐུབ་པའི་ཤེས་པ་ཞིག  +
བོད་རྒྱལ་ཐོ་ཐོ་རི་གཉན་བཙན་སྐབས་བོད་དུ་འབྱོར་བའི་གླེཊ་བམ་སྤང་སྐོང་ཕྱག་རྒྱ་དང་། མདོ་སྡེ་ཟ་མ་ཏོག གཞན་ཡང་གསེར་གྱི་མཆོད་རྟེན། གཡུའི་མཆོད་རྟེན། མུ་དྲའི་ཕྱག་རྒྱ། ཅིནྡྷ་མ་ཎི་བརྐོས་ཕོར་བཅས་ཀྱི་སྤྱིའི་མིང་།  +
ཨ་མ་དང་བུ་མོ་གཉིས།  +
ཕྱི་རོལ་པའི་རྟག་པར་སྨྲ་བའི་རྟོག་གེ་སྡེ་ལྔའི་སྟེང་དུ་ཆད་པར་སྨྲ་བ་རྒྱང་འཕེན་པ་བསྣན་པའོ།  +
གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དེ་དྲུག  +
1. སྤྱི་བོ། 2. མགྲིན་པ། 3. སྙིང་ཁ། 4. ལྟེ་བ། 5. གསང་གནས། 6. རྐང་མཐིལ།  +
སྔར་བོད་རྒྱལ་ལེགས་དྲུག་སྐབས་འཕྱོང་རྒྱས་སུ་བཏབ་པའི་ཕོ་བྲང་དྲུག་སྟེ། སྟག་རྩེ་དང་། རྒོད་རྩེ། ཡང་རྩེ། ཁྲི་ཙེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུཊ་བཅས་སོ།參 སའི་ལེགས་དྲུག  +
སྔར་བོད་ཡུལ་རུ་ཆེན་ལྟར་འབྱེད་པ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་གཅོད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རེ་གཅིག་ཏུ་འབྱེད་པ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་དུ་འབྱེད་པ། ཞང་གསུམ་བློན་བཅས་ཀྱིས་དབུས་ཀྱི་འདུས་ས་འཛིན་བ། དཔལ་སྡེ་གསུམ་གྱིས་མཐའི་སོ་ཁ་སྲུང་བ་སྟེ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་ལག་ལེན་བསྟར་བའི་བྱ་བཞག་གི་རིགས་ཤིག  +
བོད་མིའུ་གདུང་དྲུག་དང་དོན་གཅིག  +
འབྲི་གུང་སྐུ་རའི་གདུང་། སྟག་ལུང་གཟིའི་གདུང་། ས་སྐྱ་འཁོན་གྱི་གདུང་། ཆོས་རྒྱལ་བྱའི་གདུང་། འོད་གསལ་ལྷའི་གདུང༌། སྣེའུ་གདུང་གོང་མ་ལྷའི་གདུང་དང་དྲུག་གོ  +
སྟོང་བའི་ལྷ། ཡི་གེའི་ལྷ། སྒྲའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷའོ།  +
དེ་བཞིན་གཤེགས་པའི་རིགས། པད་མའི་རིགས། རྡོ་རྗེའི་རིགས། ནོར་བུའི་རིགས། ལྷས་རྩེན་གྱི་རིགས། འཇིག་རྟེན་པའི་རིགས་རྣམས་སོ།  +
1. བྱ་སླ་བ་རྐང་པའི་དང་པོར་ཡོད་པའི་ཟུང་ལྡན། 2. བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན། 3. ཐོག་མཐའ་གཉིས་སྦྱར་གྱི་ཟུང་ལྡན། 4. ཀུན་ཏུ་ཟུང་ལྡན། 5. བསྲེས་པའི་ཟུང་ལྡན། 6. བཟློས་པའི་ཟུང་ལྡན།  +
གཟུགས་དང་ཤེས་པ་གཉིས།  +
ཕར་ཕྱིན་དྲུག་དང་དོན་གཅིག  +
རྫས་དང༌། ཡོན་ཏན་དང་། ལས་དང་། སྤྱི་དང༌། བྱེ་བྲག་དང༌། འདུ་བ་སྟེ་དྲུག་གོ  +
ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། མཆོད་སྦྱིན་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། སྦྱིན་པ་དང༌། ལེན་པའོ།  +
རོ་དྲུག་དང་དོན་གཅིག  +
1. རྐྱང་། 2. གཙོད། 3. བོང་བུ། 4. ར་སྙན། 5. གླ་བ། 6. སྤྱང་ཀིའོ །  +
1. རྟ། 2. བྱ། 3. གླང་། 4. ཕག 5. ཁྱི། 6. ལུག་གོ  +
1. མཐོང་བ་བླ་ན་མེད་པ། 2. ཐོས་པ་བླ་ན་མེད་པ། 3. རྙེད་པ་བླ་ན་མེད་པ། 4. བསླབ་པ་བླ་ན་མེད་པ། 5. རིམ་གྲོ་བྱ་བ་བླ་ན་མེད་པ། 6. རྗེས་སུ་དྲན་པ་བླ་ན་མེད་པ།  +
མིག་གི་དབང་པོ་དང་། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་བཅས་ལྔའི་སྟེང་དུ་ཡིད་ཀྱི་དབང་པོ་བསྣན་ནས་དབང་པོ་དྲུག་གམ་དབང་པོའི་སྒོ་དྲུག་ཟེར།  +
རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་བཅས།  +
སྔོན་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ། བོད་ཀྱི་མཚན་ཉིད་གྲྭ་ས་ཆེན་པོ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ། 1. གསང་ཕུ། 2. བདེ་བ་ཅན་རྭ་བ་སྟོད། 3. ཚལ་གུང་ཐང་། 4. དགའ་གདོང༌། 5. སྐྱོར་མོ་ལུང་། 6. ཟུལ་ཕུ་བཅས་ལ་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར།  +
བྱ་འདབ་ཆགས་ཅན་དང་གཅན་གཟན་སྡེར་ཆགས་ཅན་གཉིས།  +
མཁའ་འགྲོ་ལྔ། དབྱིངས་ཀྱི་ཡུམ་དང་དྲུག་གོ  +
1. གནོད་སེམས་ལས་འབྱིན་པ་ནི་གནོད་སེམས་མེད་པ་སྟེ་བྱམས་པ། 2. རྣམ་པར་འཚེ་བ་ལས་འབྱིན་པ་ནི་སྙིང་རྗེ། 3. མི་དགའ་བ་ལས་འབྱིན་པ་ནི་དགའ་བ། 4. འདོད་པ་ལས་འབྱིན་པ་ནི་བཏང་སྙོམས། 5. ཐེ་ཚོམ་ལས་འབྱིན་པ་ནི་ང་འོ་སྙམ་པའི་ང་རྒྱལ་ཡང་དག་པར་འཇོམས་པ། 6. མཚན་མ་ལས་འབྱིན་པ་ནི་མཚན་མ་མེད་པའོ།  +
1. ཚེ་རིང་བ་དང་། 2. དབང་ཆེ་བ། 3. བཀྲ་ཤིས་པ། 4. གཟི་མདངས་ཆེ་བ། 5. འཁོར་མང་བ། 6. ལོངས་སྤྱོད་ཆེ་བའོ།  +
སྡིག་པ་བཤགས་པའི་སྐབས་སུ་སྦྱང་བྱ་སྡིག་པ་སྒོ་དྲུག་སྟེ། 1. དུས་ཀྱི་སྒོ་དང་། 2. ཀུན་སློང་གི་སྒོ 3. འགྲིམ་པའི་སྒོ 4. ངོ་བོའི་སྒོ 5. བཅས་པའི་སྒོ 6. ཡུལ་གྱི་སྒོ་དྲུག་གོ  +
སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་འཛིན་ཏེ་དུས་འཁོར་རྫོགས་རིམ་རླུང་སྦྱོར་གྱི་དམིགས་པའི་གནད་ཀྱི་གྲས།  +
བོད་རང་སྐྱོང་ལྗོངས་ཁོངས་མཚོ་སྣ་རྫོང་འོག་མོན་ཡུལ་གྱི་ས་ཁུལ་ཚོ་དྲུག་སྟེ། 1. སེང་གེ་རྫོང་དང་སྨྱུག་མ་གདོང༌། 2. ཕྱུག 3. རླི། 4. ནམ་ཞི་དང་ཐེམ་སྤང་། 5. སང་རྟི། 6. རྡི་རང་སྟེ་དྲུག  +
རྡོར་སེམས་ཀྱི་རྒྱུད། རྣམ་སྣང་གི་རྒྱུད། ཧེ་རུ་ཀའི་རྒྱུད། རྡོ་རྗེ་ཉི་མའི་རྒྱུད། པད་མ་གར་དབང་གི་རྒྱུད། རྟ་མཆོག་གི་རྒྱུད་རྣམས་སོ།  +
1. ཐུན་མོང་དང་། 2. ཐུན་མོང་མ་ཡིན་པ། 3. མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ་མི་མཐུན་ཕྱོགས་ལ་ཁྱབ་པ། 4. མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ་མཐུན་ཕྱོགས་ལ་ཁྱབ་པ། 5. གཉིས་ཀའི་ཕྱོགས་གཅིག་ལ་ཡོད་པ། 6. འགལ་བ་ལ་མི་འཁྲུལ་པ།  +
སྲིད་པ་བར་དོའི་སྐབས་སུ་མ་ངེས་པའི་རྟགས་དྲུག་ནི། 1. གནས་ངེས་མེད་རི་རྩེ་ཐང་སྟོང་ཁང་སྟོང་ལ་སོགས་པར་ཡུད་ཙམ་རེ་སྡོད། 2. རྟེན་ངེས་མེད་ཟམ་ཟུར་མཆོད་རྟེན་ལ་སོགས་ལ་ཡུད་ཙམ་རེ་བརྟེན། 3. སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་བྱེད། 4. ཟས་ངེས་མེད་རིགས་དྲུག་གི་ཟས་སྣ་ཚོགས་མཐོང་ཡང་མི་ཐོབ་པའོ། 5. གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་རེ་འགྲོགས། 6. སྣང་ཚུལ་ངེས་མེད་ཡིད་ཀྱི་འཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་པའི་སྣང་བ་འཆར་བའོ།  +
མ་དྲུག་ནི་ཨུ་མཱ་དང་མེ་ལྷ་དང་གངྒཱ་དང་འདམ་བུའི་ཚལ་དང་། སྨིན་དྲུག་དང་ས་ག་ཟེར་བ་དྲུག  +
མཆོག་གཉིས་སམ་ཟུང་གཅིག་ཀྱང་ཟེར། ཤཱ་རི་བུ་དང་མོངྒལ་གྱི་བུ་གཉིས།  +
སྨོན་པ་ཚད་མེད་པ་བཞིའི་ངོ་བོ་ལ། འཇུག་པ་ཕ་རོལ་ཕྱིན་པ་དྲུག་ཏུ་འདོད་ཅེས་དང༌། བྱང་ཆུབ་སེམས་གཉིས་མི་ཉམས་བསླབ་བྱ་སྟེ། ལོག་པར་ལྟ་སོགས་རྒྱལ་པོའི་ལྟུང་བ་ལྔ། གྲངས་སོགས་བློན་པོའི་ལྔ་དང་ཕལ་པའི་བརྒྱད། ཐུན་མོང་གཉིས་ཏེ་ཉི་ཤུ་ལྟུང་བྱེད་ལ། དེ་དང་ཕྱོགས་མཐུན་ཉེས་བྱས་ཤེས་པར་བྱ་ཞེས་པས།  +
ཨོཾ་མ་ཎི་པདྨེ་ཧཱུྃ  +
ཆོས་ལ་མཁས་པ། ཁྲིམས་ལ་མཁས་པ། དམག་ལ་མཁས་པ། སྒྱུ་རྩལ་ལ་མཁས་པ། ངག་སྨྲ་བ་ལ་མཁས་པ། བློ་གསལ་ཞིང་གཏིང་དཔོག་དཀའ་བ་བཅས།  +
སེ། རྨུ། ལྡོང་། སྟོང་། དབྲ། འབྲུ་སྟེ་བོད་ཀྱི་ཐོག་མའི་རིགས་དྲུག  +
མི་བུ་རིགས་དྲུག་དང་དོན་གཅིག  +
ཕྱི་རོལ་པའི་སློབ་དཔོན་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་པ་གཉེན་གྱི་བུ་སྟེ་དྲུག  +
གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཏེ་དྲུག  +
བོད་ཡུལ་གྱི་སྨད་ཕྱོགས་ཟལ་མོ་སྒང་དང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང༌། དམར་རྫ་སྒང་། མི་ཉག་རབ་སྒང་བཅས་དྲུག་གོ  +
མངར་བ། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བའོ།  +
ཛཱ་ཏི་སྙིང་གི་བཟང་པོ། ཅུ་གང་གློ་བའི་བཟང་པོ། གུར་ཀུམ་མཆིན་པའི་བཟང་པོ། ལི་ཤི་སྲོག་རྩའི་བཟང་པོ། སུག་སྨེལ་མཁལ་མའི་བཟང་པོ། ཀ་ཀོ་ལ་མཚེར་བའི་བཟང་བོའོ།  +
1. འདོད་ཆགས། 2. ཞེ་སྡང་། 3. གཏི་མུག 4. ང་རྒྱལ། 5. ཐེ་ཚོམ། 6. ལོག་ལྟ་སྟེ་དྲུག  +
སེམས་རྨུགས་པ་དང་གཡེངས་པ་ལྟ་བུ།  +
མངར་བ་དང༌། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བ་སྟེ་དྲུག  +
སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་སྲོལ་ལ། 1. སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། (ཡང་ན་གཙུག་ཏོར་ནམ་མཁའི་འཁོར་ལོ) 2. མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། 3. སྙིང་ག་ཆོས་ཀྱི་འཁོར་ལོ། 4. ལྟེ་བ་སྤྲུལ་པའི་འཁོར་ལོ། 5. གསང་གནས་བདེ་སྐྱོང་གི་འཁོར་ལོ། 6. ནོར་བུའི་དབུས་ཀྱི་འཁོར་ལོ (ཡང་ན་དཔྲལ་བ་བདེ་བའི་འཁོར་ལོ། )དང་དྲུག་གོ  +
ལས་འཛིན་པའི་བསྡུ་བ། ཙན་དན་དཀར་པོ་ཞེས་པ་ལྟ་བུ། བ་གཉིས་པའི་བསྡུ་བ། སྔོན་འཇུག་ལྔ་ཞེས་པ་ལྟ་བུ། དེའི་སྐྱེས་བུའི་བསྡུ་བ། སྔོན་འགྲོ་ཞེས་པ་ལྟ་བུ། འབྲུ་མང་པོའི་བསྡུ་བ། ཡི་གེ་བསྡུས་པས་ཡིག་ཅེས་པ་ལྟ་བུ། ཟླས་དབྱེ་བའི་བསྡུ་བ། རྒྱ་ཡིག་དང་བོད་ཡིག་ལ་མཁས་པའི་མི་རིགས་སོ་སོའི་སློབ་གྲོགས་ཞེས་པ་ལྟ་བུ། མི་ཟད་པའི་བསྡུ་བ། འདི་བོད་སྐད་ལ་སྦྱར་རྒྱུ་མེད།  +
ཚེ་རིང་རྣམ་དྲུག་དང་དོན་གཅིག  +
སྔོན་དུ་བྱུང་བའི་བྲག་ཚེ་རིང་། ཆུ་ཚེ་རིང་། ཤིང་ཚེ་རིང་། མི་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་སྟེ་དྲུག  +
མིག་ཤེས་སུ་གྱུར་པའི་ཚོར་བ། རྣ་བ་ཤེས་སུ་གྱུར་པའི་ཚོར་བ། སྣ་ཤེས་སུ་གྱུར་པའི་ཚོར་བ། ལྕེ་ཤེས་སུ་གྱུར་པའི་ཚོར་བ། ལུས་ཤེས་སུ་གྱུར་པའི་ཚོར་བ། ཡིད་ཤེས་སུ་གྱུར་པའི་ཚོར་བ།  +
1. ཉི་ནུབ་བྱ་དང་། 2. ས་སྲོས་ཁྱི། 3. སྲོད་འཁོར་ཕག 4. ནམ་ཕྱེད་བྱི་བ། 5. ནམ་ཕྱེད་ཡོལ་གླིང་། 6. ཐོ་རངས་སྟག  +
ལོ་རེར་དཔྱིད་དང་། སོ་ག དབྱར། སྟོན། དགུན་སྟོད། དགུན་སྨད་དེ་མཚམས་ལ་དྲུག་ཡོད།  +
སྦྲང་རྩི་དང་། མར། ཞོ། འོ་མ། ཆུ། ཆང་གི་མཚོ་རྣམས་སོ།  +
སྨན་བཟང་པོ་དྲུག་སྟེ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་ཀུམ། ཛཱ་ཏི། སུག་སྨེལ་བཅས།  +
མདུན་དང་རྒྱབ་གཉིས།  +
བཟང་དྲུག་དང་དོན་གཅིག  +
1. ཧ་ཅང་རིང་བ། 2. ཧ་ཅང་ཐུང་བ། 3. ཧ་ཅང་མགྱོགས་པ། 4. ཧ་ཅང་བུལ་བ། 5. ཧ་ཅང་དྲག་པ། 6. ཧ་ཅང་ཞན་པ།  +
སྒྱུ་འཕྲུལ་ལ་སོགས་པར་འོག་མིན་རྣམ་པ་དྲུག་གསུངས་པ་ནི། 1. དོན་གྱི་འོག་མིན། 2. རྟགས་ཀྱི་འོག་མིན། 3. རིག་པའི་འོག་མིན། 4. གསང་བའི་འོག་མིན། 5. རྟོགས་པའི་འོག་མིན། 6. གནས་ཀྱི་འོག་མིན་དང་གསུམ་ནི་རྙིང་མ་ལྟར་ན། ལྷ་གནས་དང་པོ་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་ཡུལ། རྣམ་པར་རྒྱལ་བའི་ཁང་བཟངས་སུ་ཁྱེའུ་སྣང་བ་དམ་པ། ལྷ་གནས་གཉིས་པ་གསང་ཆེན་རོལ་པའི་དུར་ཁྲོད། མེ་རི་འབར་བའི་རྩེ་མོར་གཞོན་ནུ་དཔའ་བོ་སྟོབས་ལྡན། ལྷ་གནས་ཐ་མ་བྱ་རྒོད་ཕུང་པོའི་རི་ལ་སངས་རྒྱས་འོད་སྲུང་བྱོན་པའོ། གསང་སྔགས་གསར་མའི་ལུགས་ལ། འོག་མིན་དུ་ཡོ་ག་རྩ་བའི་རྒྱུད་གསུངས། སུམ་ཅུ་རྩ་གསུམ་དུ་རྒྱུད་ཕྱི་མ་གསུངས། ལྕང་ལོ་ཅན་དུ་རྒྱུད་ཉེ་བར་བསྡུས་པས་ན་ལྷ་གནས་གསུམ་གྲགས་སོ།  +
དབུ་རྒྱན། རྣ་རྒྱན། མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས། ཐལ་ཆེན་གྱི་ཚོམ་བུ་རྣམས་སོ།  +
སྔར་བོད་རྒྱལ་གཉའ་ཁྲི་བཙན་པོས་བོད་ལ་དབང་སྒྱུར་བྱེད་སྐབས་རྒྱལ་རིགས་སུ་གཏོགས་པའི་རུས་ཏེ། ལྷོ། གཉགས། ཁྱུང་། སྣུབས། སེ། སྦོ་བཅས་དྲུག  +
ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། དེ་ལ་ཨོཾ་ནི། ཨ་དང་ཨོ་དང་མ་ཞེས་ཡི་གེ་གསུམ་གཅིག་ཏུ་བསྡུས་པའི་ཡི་གེ་གཅིག དེ་གསུམ་ལས་ཨ་ནི་ལུས་ཞེས་པ་དང༌། ཨོ་ནི་ངག་ཞེས་པ། མ་ནི་ཡིད་ཅེས་པ། ཨོཾ་ནི་མཆོག་ཞེས་པའོ། མ་ཎི་ནི་ནོར་བུ་ཞེས་པ་དང་། པད་མེ་ནི་འཛིན་ཞེས་པ། ཧཱོུཾ་ནི་ཧ་ཨུ་ཨ་མ་ཞེས་པའི་ཡི་གེ་བཞི་བོ་གཅིག་ཏུ་བསྡུས་པ་གཅིག་དང་་བོད་སྐད་ལ་གཞི་ཚུགས་ཞེས་པའི་དོན།  +
མ་ཎི་ཡི་གེ་དྲུག་ཡོད་པ་དེའི་མིང་སྟེ། ༔ཨོཾ་མ་ཎི་པདྨེ་ཧཱུཾ༔ (page 377.3)  +
ཡི་གེ་དྲུག་དང་དོན་གཅིག  +
ཡི་གེ་དྲུག་དང་དོན་གཅིག  +
བློན་པོ་རབ་ལ་གསེར་གཡུ་གཉིས་ཀྱི་ཡི་གེ་དང་། བློན་པོ་འབྲིང་བར་དངུལ་དང་ཁྲ་མན་གཉིས་ཀྱི་ཡི་གེ བློན་པོ་ཐ་མར་ཟངས་དང་ལྕགས་གཉིས་ཀྱི་ཡི་གེ་སྤྲད་དེ་བསྟོད་པ་སྟེ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་ལག་ལེན་བསྟར་བའི་བྱ་གཞག་རིགས་གཅིག  +
ཚོགས་བདག་དང་གདོང་དྲུག་གཉིས།  +
ཡུམ་སྲས་བཅུ་བདུན་ནང་གི་ཡུམ་དྲུག  +
1. གཟུགས་ཀྱི་ཡུལ་ཅན་མིག་དང་། 2. སྒྲའི་ཡུལ་ཅན་རྣ་བ། 3. དྲིའི་ཡུལ་ཅན་སྣ། 4. རོའི་ཡུལ་ཅན་ལྕེ། 5. རེག་བྱའི་ཡུལ་ཅན་ལུས། 6. ཆོས་ཀྱི་ཡུལ་ཅན་སེམས།  +
1. རྣ་བའི་ཡུལ་ནི་སྒྲ་དང་། 2. མིག་གི་ཡུལ་ནི་གཟུགས། 3. སྣའི་ཡུལ་ནི་དྲི། 4. ལྕེའི་ཡུལ་ནི་རོ། 5. ལུས་ཀྱི་ཡུལ་ནི་རེག་བྱ། 6. སེམས་ཀྱི་ཡུལ་ནི་ཆོས་བཅས་སོ།  +
1. ཆོས༌དབྱིངས། 2. མེ་ལོང་། 3. མཉམ་ཉིད། 4. སོར་རྟོག 5. བྱ་གྲུབ། 6. རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དྲུག་གོ  +
རིགས་ལྔ་ཧེ་རུ་ཀའི་ཕྱག་མཚན་དང་བོ་གཉིས་མེ་ལོང་ཀུན་མཁྱེན་ཡེ་ཤེས། བར་མ་གཉིས་ཆོས་དབྱིངས་མཉམ་ཉིད་ཡེ་ཤེས། ཐ་མ་གཉིས་སོར་རྟོག་བྱ་གྲུབ་ཡེ་ཤེས་མཚོན་ནོ།  +
རྗེས་འཇུག་ལ་ལྟོས་མི་དགོས་པའི་རང་དབང་ཅན་གྱི་ཚིག་ཕྲད་དྲུག་ནི། 1. ནི་སྒྲ་དང༌། 2. དང་སྒྲ། 3. དེ་སྒྲ། 4. སྤྱི་སྒྲ། 5. བདག་སྒྲ། 6. དགག་སྒྲ།  +
འོད་སྔོན་དང༌། མན་ད་ར་དང༌། ནི་ཥ་ཌ་དང་། ནོར་བུའི་འོད་དང༌། དྲོ་ཎ་དང༌། བསིལ་རི་རྣམས་སོ།  +
འགྲོ་བ་རིགས་དྲུག་དང་དོན་གཅིག  +
དབུ་མ་རིགས་ཚོགས་དྲུག་སྟེ། ཀླུ་སྒྲུབ་ཀྱིས་བརྩམས་པའི 《རྩ་བ་ཤེས་རབ་》དང་། 《རིན་ཆེན་ཕྲེང་བ་》《རྩོད་ཟློག་》《སྟོང་ཉིད་བདུན་ཅུ་པ་》《ཞིབ་མོ་རྣམ་འཐག་》《རིགས་པ་དྲུག་ཅུ་པ་》བཅས་དྲུག  +
རིགས་པའི་ཚོགས་དྲུག་དང་དོན་གཅིག  +
དབུ་མ་པ་དང་། སེམས་ཙམ་པའི་བསྡུས་མིང་།  +
མགུལ་རྒྱན་དང༌། གདུ་བུ། རྣ་ཆ། དབུ་རྒྱན། མཆོད་ཕྱིར་ཐོགས། ཐལ་ཆེན་ཏེ་གསང་སྔགས་ཀྱི་རྣལ་འབྱོར་པས་སྤྲས་པའི་རུས་རྒྱན་དྲུག  +
མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་འདུས་པའི་རེག་པ་སྟེ་དྲུག  +
རྣམ་རྟོག་ལམ་འཁྱེར། ཉོན་མོངས་ལམ་འཁྱེར། ན་ཚ་ལམ་འཁྱེར། ལྷ་འདྲེ་ལམ་འཁྱེར། སྡུག་བསྔལ་ལམ་འཁྱེར། འཆི་བ་ལམ་འཁྱེར་བཅས་དྲུག  +
མངར་བ། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བ་སྟེ་དྲུག་གོ  +
གསལ་བྱེད་སུམ་ཅུའི་ནང་ནས་ཀ་ག་བ་ཟ་ར་ས་དྲུག་ནི་ལ་བཏགས་ཅན་གྱི་ཡི་གེ་དྲུག་གོ  +
ཀུན་ཏུ་ཟུང་ལྡན་བཅུ་གཉིས་ཀྱི་ནང་གསེས་ལན་གཅིག་བཟླས་པའི་ཀུན་ཏུ་ཟུང་ལྡན་དྲུག་ནི། 1. ཚིགས་བཅད་ཀྱི་ཚིག་རྐང་དང་པོ་གསུམ་པར་བཟླས་པ། 2. དང་པོ་བཞི་བར་བཟླས་པ། 3. ཚིག་རྐང་དང་པོ་གཉིས་བར་བཟླས་པ། 4. ཚིག་རྐང་གཉིས་པ་གསུམ་པར་བཟླས་པ། 5. ཚིག་རྐང་གཉིས་པ་བཞི་བར་བཟླས་པ། 6. ཚིག་རྐང་གསུམ་པ་བཞི་བར་བཟླས་པ་སྟེ་དྲུག་གོ  +
རྒྱུ་མ། ལོང་ཀ ཕོ་བ། གཉེ་མ། ལྒང་བ། མཁྲིས་པ་རྣམས་སོ།  +
1. ཡ་བཀྵར་སྲང་དོ། 2. ཁ་རུ་ཚྭ་སྲང་དོ། 3. རྒྱམ་ཚྭ་སྲང་དོ། 4. ཤིང་ཚ་སྲང་དོ། 5. སྟར་བུའི་ཁཎྚ་སྲང་གང་། 6. སེ་འབྲུ་སྲང་དོ།  +
1. ཆང་འཐུང་བ། 2. བརྒྱན་པོ། 3. མཚན་མོ་འཕྱན་པ། 4. སྡིག་པའི་གྲོགས་པོ་ལ་བསྟེན་པ། 5. འདུས་པ་ལ་ལྟ་བ། 6. ལེ་ལོ།  +
ཤར་མཐོ་ན་ནུབ་དམའ་བ། ནུབ་མཐོ་ན་ཤར་དམའ་བ། ལྷོ་མཐོ་ན་བྱང་དམའ་བ། བྱང་མཐོ་ན་ལྷོ་དམའ་བ། མཐའ་མཐོ་ན་དབུས་དམའ་བ། དབུས་མཐོ་ན་མཐའ་དམའ་བའོ།  +
དབྱངས་ཡིག་དང་གསལ་བྱེད་ཡི་གེ་གཉིས།  +
འགུལ་དང༌། གཡོ། ལྡེག འཁྲུག འུར་འུར། ཆེམ་ཆེམ་སྟེ་ས་གཡོ་བའི་རྣམ་པ་དྲུག  +